49970
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔོན་རྒྱ་ནག་ཧན་རྒྱལ་རབས་མིང་དྷི་རྒྱལ་པོའི་སྐབས། རྒྱ་གར་འོད་སྲུང་རིགས་ཀྱི་པཎྚི་ཏ་དགྲ་བཅོམ་པ་མ་ཏང་གི་བ་དང་པཎྚི་ཏ་ཧྥ་ལན་གཉིས་རྟ་དཀར་པོ་གཅིག་ལ་སྟོན་པའི་བྲིས་ཐང་གཅིག་དང་གསུང་རབ་འགའ་ཞིག་བཀལ་ཏེ་བྱོན། དགྲ་བཅོམ་པས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་རྒྱལ་པོ་འཁོར་བཅས་མགུ་བར་བྱས། པེ་མ་ཟི་ཞེས་པས་གཙོར་བྱས་པའི་བཙུན་པའི་ལྷ་ཁང་བདུན་དང་། རི་བོ་རྩེ་ལྔར་རྒྱལ་པོ་མྱ་ངན་མེད་ཀྱིས་བཞེངས་པའི་རིང་བསྲེལ་གྱི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་གི་གྲས་གཅིག་ཡོད་པ་ངོ་ཤེས་ནས་དེ་ཉིད་སྙིང་པོར་བཞུགས་པའི་མཆོད་རྟེན་ཆེ་བ་གཅིག་བཞེངས། དགྲ་བཅོམ་པ་མ་ཏང་གི་བས་ཐེག་པ་ཆེ་ཆུང་གི་མདོ་སྡེ་ནས་ཉེར་མཁོ་བསྡུས་པའི་མདོ་སྡེ་རིམ་པར་ཕྱེ་བ་ཞེ་གཉིས་པ་ཞེས་བྱ་བ་བསྒྱུར་བ་དེང་སང་བར་དུ་རྒྱ་ནག་ཡུལ་དུ་བཞུགས་པར་གྲགས། |
| Domain | ལོ་རྒྱུས། |