49982

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཏྲིའི་སྙིང་པོ་ (1)
Part of speech མིང་ཚིག
Definition བོན། བོན་དཔེ་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་ཆོ་གའི་རྩ་སྙིང་ཞིག་ཡིན་ཏེ། དེ་ལ་སྐུ་གསུམ་དབྱེར་མེད་ཀྱི་སྙིང་པོའམ། འབྲུ་བརྒྱད་ཀྱི་སྙིང་པོ་ཞེས་ཀྱང་བྱའོ། །སྙིང་པོ་ནི། ཨཱོྃ་མ་ཏྲི་མུ་ཡེ་སལེ་འདུ་ཞེས་པ་ཡིན། སྙིང་པོའི་ཚིག་འབྲུ་རེའི་གོ་དོན་ནི། རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུགས་ཀྱི་མདོ་ལས། ཨཱོྃ་ནི་བདག་ཉིད་སྟོན་པའི་སྐུ། ཐབས་མཁས་ཐུགས་རྗེས་འགྲོ་བ་འདུལ། ཐམས་ཅད་ཀུན་གྱི་ཡབ་གཅིག་པོ། མ་ནི་ཐུགས་རྗེ་བྱམས་མ་ཉིད། ཀུན་འབྱུང་བ་ག་ཡུམ་གྱི་ཀློང་། ཐམས་ཅད་བསྐྱེད་པའི་གཞི་མའོ། །ཏྲི་ནི་མུ་ཆོ་ལྡེམ་དྲུག་སྐུ། བྱམས་པ་ཆེན་པོས་ཚ་གྲང་བསྐྱབ། དམྱལ་བའི་གྲོང་ཁྱེར་འདུལ་བར་མཛད། ཞེ་སྡང་བྱམས་པའི་ཀློང་དུ་བསྟིམ། མུ་ནི་གསང་བ་ངང་རིང་སྐུ། སྦྱིན་པ་ཆེན་པོས་བཀྲེས་སྐོམ་ཚིམ། ཡི་དྭགས་གྲོང་ཁྱེར་འདུལ་བར་མཛད། འདོད་ཆགས་སྦྱིན་པའི་ཀློང་དུ་བསྟིམ། ཡེ་ནི་ཏི་སངས་རང་ཞིའི་སྐུ། ཡེ་ཤེས་ཆེན་པོ་གླེན་ལྐུགས་སེལ། བྱོལ་སོང་གྲོང་ཁྱེར་འདུལ་བར་མཛད། གཏི་མུག་ཡེ་ཤེས་ཀློང་དུ་བསྟིམ། ས་ནི་གྲྭ་བྱིན་སྤུངས་པའི་སྐུ། ཡངས་པ་ཆེན་པོས་འཕྲག་དོག་འདུལ། མི་ཡི་གྲོང་ཁྱེར་འདུལ་བར་མཛད། འཕྲག་དོག་ཡངས་པའི་ཀློང་དུ་བསྟིམ། ལེ་ནི་ལྕེ་རྒྱལ་པར་པན་སྐུ། ཞི་བ་ཆེན་པོས་ང་རྒྱལ་འཇོམས། ལྷ་མིན་གྲོང་ཁྱེར་འདུལ་བར་མཛད། ང་རྒྱལ་ཞི་བའི་ཀློང་དུ་བསྟིམ། འདུ་ནི་ཡེ་གཤེན་གཙུག་ཕུད་སྐུ། བརྩོན་འགྲུས་ཆེན་པོས་ལེ་ལོ་འདུལ། ལྷའི་གྲོང་ཁྱེར་འདུལ་བར་མཛད། ལེ་ལོ་བརྩོན་འགྲུས་ཀློང་དུ་བསྟིམ། ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཨཱོྃ་ནི་ཁ་དོག་ལྔ་ལྡན་དང་། མ་དམར་པོ་དང་། ཏྲི་སྔོན་དམར་དང་། མུ་དམར་སྐྱ་དང་། ཡེ་སྔོ་ལྗང་དང་། ས་སེར་པོ་དང་། ལེ་སྔོན་སྐྱ་དང་། འདུ་དཀར་པོ། ཞེས་སོ། །
Domain ཆོས་ལུགས།