49993

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཐོག་རིང་མོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཚེ་ལོ་བཅུ་པའི་དུས་དེར་བྱམས་པའི་སྤྲུལ་པ་ཁྲུ་གང་པའི་ཚད་ཅིག་བྱུང་ནས་དགེ་བའི་ལམ་བསྟན་ནས་རིམ་གྱིས་བརྒྱད་ཁྲི་པའི་བར་དུ་ཡར་འཕེལ་ཏེ། དེ་ནས་འགྲིབ་པར་བརྩམས་པ་ན་བྱམས་མགོན་རང་བྱོན། དེ་ནས་ཚེ་ལོ་བཅུ་པར་གྱུར་པའི་བར་གྱི་ཡར་འཕེལ་མར་འགྲིབ་གཉིས་བསྡོམས་པ་ལ་ཁུག་པ་ཞེས་བྱ་སྟེ། ཁུག་པ་བཅོ་བརྒྱད་ཡོད་དོ། །ཁུག་པ་རྣམས་ཀྱི་མར་འགྲིབ་ལ་བྱམས་པ་ལ་སོགས་པའི་བསྐལ་བཟང་གི་སངས་རྒྱས་ལྷག་མ་ཀུན་བྱོན་པ་ཡིན་ཏེ། མར་ནི་འགྲིབ་པ་ཡི། །བརྒྱ་ཡི་བར་ལ་དེ་དག་འབྱུང་། །ཞེས་གསུངས་པའི་ཕྱིར། ཁུག་པ་རྣམས་སོང་ནས་ཚེ་ལོ་བཅུ་པ་ནས་བརྒྱད་ཁྲི་བའི་བར་དུ་དལ་གྱིས་འཕེལ་བ་དེ་ལ་མ་ཐོག་རིང་མོ་ཞེས་ཟེར་ཏེ། བར་བསྐལ་གཅིག ཀུན་བསྡོམས་པས་གནས་པ་ལ་བར་བསྐལ་ཉི་ཤུ་ཡོད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།