49998
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། སེམས་ཙམ་པ། མ་དག་གཞན་དབང་ནི། མ་དག་པར་སྣང་བའི་ཡུལ་དུས་སོགས་ཀྱི་སྣང་བ་སྟེ། ཡིད་ཀྱི་མུན་སེལ་ལས། དེའང་གཞན་དུ་མེད་བཞིན་གཞན་དུ་སྣང་བ་མ་དག་པ་རྨི་ལམ་གྱི་གཞན་སྣང་ལྟ་བུ་དོན་དུ་སྣང་བ་དང་བཅས་པ་འདི་ནི་མ་དག་པ་གཞན་དབང་ཞེས་བྱ་སྟེ། གཟུང་བའི་ཡུལ་ལོ། །དེ་འཛིན་བྱེད་བདག་ཏུ་མ་གྲུབ་པ་ལ་བདག་ཏུ་བློས་ཀུན་བརྟགས་པ་སྟེ་འཛིན་པའི་སེམས་སོ། །ཞེས་གསུངས། |
| Domain | [ཆོས་ལུགས།, ལྟ་གྲུབ།] |