49999

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་དག་པའི་ཐབས་ལམ་ (1)
Part of speech མིང་ཚིག
Definition སྡོམ་གསུམ། མདོ་རྒྱུད་ཀུན་ལས་མ་གསུངས་ཤིང། །རིགས་པས་བསྒྲུབ་པར་མི་ནུས་པ། དྲོད་དང་བདེ་བ་སྐྱེ་བ་དང། །མི་རྟོག་ལྟར་སྣང་སྐྱེེ་བ་སོགས། །ནད་གདོན་ཅུང་ཟད་སེལ་བ་དག ། བླུན་པོ་དགའ་བ་བསྐྱེད་ན་ཡང། །མུ་སྟེགས་བྱེད་ལའང་ཡོད་པའི་ཕྱིར། །མ་དག་པ་ཡི་ཐབས་ལམ་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། བཀའ་ལུང་རྣམ་དག་རྣམས་ནས་མ་གསུངས་ཤིང་མཁས་པའི་རིགས་པས་སྒྲུབ་པར་མི་ནུས་པའི་གནས་སྐབས་རས་རྐྱང་གིས་ཆོག་པའི་དྲོད་དང། ཟག་བཅས་ཀྱི་བདེ་བ་དང། གཉིད་འཐུག་པོས་ནོན་པ་ལྟ་བུའི་མི་རྟོག་པ་ལྟར་སྣང་བསྐྱེད་པའི་ལུས་སྣང་དང། རླུང་སྦྱོར་དང་ནད་གདོན་གློ་བུར་བ་སེལ་བའི་སྔགས་དང་དམིགས་པ་ལ་སོགས་ཕྲལ་དུ་ཕན་གནོད་ཅུང་ཟད་ནུས་པས་བླུན་པོ་འགའ་ཞིག་དགའ་བར་གྱུར་ནས་བླ་མ་བཟང་པོ་གྲུབ་ཐོབ་ཡིན་ནོ་ཞེས་མོས་གུས་བསྐྱེད་ནའང། མུ་སྟེགས་ཀྱི་ཐབས་ལམ་ལ་དེ་བས་ཆེས་ལྷག་པ་ཡོད་པའི་ཕྱིར། ཕ་རོལ་པོ་བསླུ་བའི་ཐབས་ཙམ་ཡིན་ནོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །
Domain ཆོས་ལུགས།