50001
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྡོམ་གསུམ། བླ་མ་ངན་ལ་དད་པ་དང། །ཆོས་ངན་པ་ལ་མོས་པ་དང། །བསྒོམ་ངན་པ་ལ་དགའ་བ་ན། །མ་དག་པ་ཡི་དད་པ་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ཆོས་དང་གདམས་ངག་འདྲ་མིན་སྟོན་པའི་བླ་མ་ངན་པ་དང། ལྟ་སྤྱོད་ཕྱིན་ཅི་ལོག་ཏུ་གྱུར་པའི་ཆོས་དང། དམིགས་པ་ཕྱིན་ཅི་ལོག་སྒོམ་པའི་ཏིང་ངེ་འཛིན་ངན་པ་དང། ཆོས་མ་ཡིན་གྱི་སྤྱོད་པ་བྱེད་པའི་གྲོགས་པོ་ངན་པ་ལ་དད་པ་ལ་སོགས་ལམ་གོལ་སར་ལྷུང་བའི་ཕྱིར་མ་དག་པའི་དད་པ་ཡིན་ཏེ། སློབ་དཔོན་ཤཱནྟི་པས། དད་པ་མེད་པ་གཙོ་བོའི་དགྲ། །ལྷག་དད་ཤིན་ཏུ་གོལ་བ་གནས། །ཞེས་གསུངས་སོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལེགས་བཤད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:མ་དག་པའི་དད་པ་
|; |@@@ | | }}