50004

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་དག་པའི་བསམ་གཏན་ (1)
Part of speech མིང་ཚིག
Definition སྡོམ་གསུམ། མི་མཁས་སྟོང་ཉིད་སྒོམ་པ་དང། །གནད་འཆུགས་པ་ཡི་ཐབས་ལམ་སོགས། །རྣམ་རྟོག་འགའ་ཞིག་འཇིལ་བ་དང་། །ཏིང་འཛིན་ཕྲ་མོ་སྐྱེས་པའི་ཐབས། །དད་པ་ཆེན་པོས་སྒོམ་ན་ཡང། །ཡང་དག་ཡེ་ཤེས་མི་སྐྱེ་བས། །མ་དག་པ་ཡི་བསྒོམ་པ་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ཏིང་ངེ་འཛིན་སྒོམ་པའི་ཡན་ལག་མ་ཚང་བ་དང། ནོར་བ་དང་ཞི་གནས་རྣམ་པར་དག་པ་མ་ཡིན་གྱི་བླང་དོར་ལ་མི་མཁས་པས་སྟོང་ཉིད་སྒོམ་པ་དང། རྩ་རླུང་གི་གནད་འཆུགས་པའི་ཕྲ་ཐིག་གི་རྣལ་འབྱོར་སྒོམ་པ་ལ་སོགས་འཕྲལ་གྱི་ནད་ཞི་བ་དང། རྣམ་རྟོག་རགས་པ་འགགས་པ་དང། ཕྱི་རོལ་ཡུལ་ལ་སེམས་མི་འདོགས་པར་གནས་ཙམ་གྱི་ཞི་གནས་ཕྲ་མོ་སྐྱེས་པ་ལ་ལམ་མ་ནོར་བར་ཤེས་ནས་སྒོམ་པ་ལ་སོགས་མདོ་རྒྱུད་ནས་གསུངས་པའི་ཡེ་ཤེས་ཡང་དག་པ་སྐྱེ་བའི་ཐབས་མ་ཡིན་པའི་ཕྱིར་མ་དག་པའི་བསམ་གཏན་སྒོམ་པ་ཡིན་ཏེ། མདོ་ལས་གསུངས་པའི་ལྟ་བའི་ཕྱོགས་ཉུང་ཤེས་ཙམ་རྟོགས་པ་དང་སྒོམ་པ་ལས་བྱུང་བའི་འཁྲུལ་ཤེས་ཡིན་པའི་ཕྱིར་རོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །
Domain ཆོས་ལུགས།

{{#arraymap:མ་དག་པའི་བསམ་གཏན་

|; |@@@ | | }}