50005

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་དག་པའི་བྱམས་པ་ (1)
Part of speech མིང་ཚིག
Definition སྡོམ་གསུམ། གདུག་པ་ཅན་ལ་བྱམས་པ་དང། །བུ་དང་སློབ་མ་མི་འཆོས་དང། །སྲུང་བའི་འཁོར་ལོ་མི་སྒོམ་ཞིང། །ཁྲོ་བོའི་བཟླས་པ་འགོག་པ་སོགས། །རྒྱུད་སྡེ་ཀུན་དང་འགལ་བས་ན། མ་དག་པ་ཡི་བྱམས་པ་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། བསམ་སྦྱོར་ངན་ཅིང་སྟོབས་ཆེ་བའི་སྐྱེ་བོ་གདུག་པ་ཅན་ལ་ཚེ་རིང་བ་དང་ནད་མེད་པ་ལ་སོགས་པའི་ཕན་སེམས་དང། བུ་སློབ་དང་འཁོར་འབངས་སྤྱོད་པ་ཅི་བདེར་བག་ཡངས་སུ་བཞག་པས་དགའ་བར་འགྱུར་སྙམ་ནས་མི་འཆོས་པ་དང། མཚོན་ཆ་དང་མེ་དཔུང་ལ་སོགས་སྲུང་འཁོར་གྱི་དམིགས་པ་བྱས་ན་འབྱུང་པོ་ལ་གནོད་སྙམ་ནས་མི་སྒོམ་ཞིང་ཁྲོ་བོའི་སྒོམ་བཟླས་བྱེད་པ་འགོག་པ་དང། རྒྱུད་ནས་གསུངས་པའི་མངོན་སྤྱོད་ཀྱི་ལས་གཏན་ནས་མི་རུང་ངོ་ཞེས་པ་ལ་སོགས་པ་ཡུན་རིང་དུ་ཕན་ཐབས་དོར་ནས་འཕྲལ་གྱི་བདེ་བ་ཙམ་སྒྲུབ་པ་ནི་མ་དག་པའི་བྱམས་པའོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །
Domain ཆོས་ལུགས།

{{#arraymap:མ་དག་པའི་བྱམས་པ་

|; |@@@ | | }}