50007

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་དག་པའི་ཤེེས་རབ་ (1)
Part of speech མིང་ཚིག
Definition སྡོམ་གསུམ། སངས་རྒྱས་གསུང་དང་མི་མཐུན་པའི། །འཆད་རྩོམ་རྩོད་ལ་མཁས་གྱུར་ཅིང། །བྱ་བ་ཐམས་ཅད་ཤེས་གྱུར་ཀྱང། །མ་དག་པ་ཡི་ཤེས་རབ་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ཀུན་མཁྱེན་གྱིས་གསུངས་པའི་མདོ་རྒྱུད་རྣམ་དག་དང་དགོངས་འགྲེལ་གྱི་བསྟན་བཅོས་བཟང་པོ་རྣམས་དང་མི་མཐུན་པར་རང་བཟོའི་ཚིག་མང་པོ་འཆད་པ་དང། དེ་ལྟ་བུ་རྩོམ་པ་དང། དེ་ལ་ཀླན་ཀ་སྤང་པའི་ཕྱིར་རྩོད་པ་ལ་མཁས་པར་གྲགས་ཤིང་འཇིག་རྟེན་གྱི་གཏམ་དང་བཟོ་དང་ཟློས་གར་དང་སྨན་དཔྱད་ལ་སོགས་པ་ལེགས་པར་ཤེས་ཀྱང་མ་དག་པའི་ཤེས་རབ་ཡིན་ཏེ། ཡང་དག་པའི་དོན་རྟོགས་པ་ལ་སྒྲིབ་ཅིང། འོད་ཟེར་བཀྱེ་བའི་མདོར། བླུན་པོ་འགའ་ཞིག་ཆོས་སྟོན་པ། །དགེ་བའི་རྩ་བ་འཇིག་བྱེད་པས། སྐྱེ་དགུ་མང་པོ་ཚད་མེད་རྙེད། །སེམས་ཅན་དམྱལ་བར་ལྟུང་བར་བྱེད། །ཡང་དག་ཆོས་ནི་སྤོང་བྱེད་ཅིང། །ཆོས་མ་ཡིན་པ་སྤྱོད་པར་བྱེད། །དེ་ལྟར་བས་ན་རྨོངས་པ་ཡི། །སྐྱེས་བུ་དམན་པ་སྤང་བར་བྱ། །ཞེས་གསུངས་སོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །
Domain ཆོས་ལུགས།

{{#arraymap:མ་དག་པའི་ཤེེས་རབ་

|; |@@@ | | }}