50010
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྡོམ་གསུམ། ཆང་དང་དུག་དང་མཚོན་ཆ་དང། །གཞན་གྱི་ལོངས་སྤྱོད་སྟེར་བ་དང། །གསོད་སར་ཕྱུགས་མ་སྟེར་བ་དང། །མཆོག་གི་ནོར་ནི་མཆོག་མིན་ལ། །སྟེར་སོགས་མདོ་ལས་བཀག་པས་ན། །མ་དག་པ་ཡི་སྦྱིན་པ་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། མྱང་འདས་ཆེན་པོར། ཆང་དང་ཤ་སྦྱིན་པ་ནི་འཇིག་རྟེན་ན་སྦྱིན་བདག་ཆེན་པོར་གྲགས་ཀྱང་སྦྱིན་པའི་གོ་མི་ཆོད་པར་གསུངས། སྦྱིན་བྱ་མ་དག་པའི་ཤ་དང་ཆང་དང་དུག་དང་མཚོན་ཆ་དང་རྐུས་པ་དང་འཕྲོག་པའི་ནོར་དང། བསོད་སར་དུད་འགྲོ་སྟེར་བ་དང། གང་ཟག་མཆོག་གི་ནོར་ཕལ་པ་ལ་སྟེར་བ་དང། སྦྱིན་ཡུལ་རྒྱལ་པོ་དང་བུད་མེད་དང་ཆོམ་རྐུན་ལ་སོགས་པ་ལ་སྟེར་བ་དང། ཀུན་སློང་ལན་དང་རྣམ་སྨིན་ལ་སོགས་པ་རེ་བ་དང། སྦྱིན་ཚུལ་མ་གུས་པས་སྟེར་བ་ལ་སོགས་མ་དག་པ་ཡིན་ནོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། སོ་སོར་ཐར་པ་ཆོས་བཞི་བསྒྲུབ་པའི་མདོ་ལས། ཤྭ་རིའི་བུ་གང་ཡང་བྱང་ཆུབ་སེམས་དཔའ་མཁས་པས་སྨད་པའི་སྦྱིན་པ་འདི་རྣམས་ལས་རབ་ཏུ་བཟློག་པ་ཡིན་ཏེ། འདི་ལྟ་སྟེ། དུས་སུ་ལེན་པའི་སྦྱིན་པ་དང། ཆང་གི་སྦྱིན་པ་དང། དུག་གི་སྦྱིན་པ་དག་གནོད་པའི་སྦྱིན་པ་དང། འགྱོད་པའི་སྦྱིན་པ་དང། མཚོན་ཆའི་སྦྱིན་པ་དང། འཕྲོག་པའི་སྦྱིན་པ་དང། བརྙས་པའི་སྦྱིན་པ་དང། རང་གི་ལག་གིས་སྨིན་པའི་སྦྱིན་པ་དང། རྒྱབ་ཀྱིས་ཕྱོགས་པའི་སྦྱིན་པ་དང། འདོད་པ་ལ་བརྟེན་པའི་སྦྱིན་པ་དང། མི་མཐུན་པའི་སྦྱིན་པ་དང། དམ་པ་མ་ཡིན་པའི་སྦྱིན་པ་དང། སྨད་པའི་སྦྱིན་པ་དང། དུག་དང་མཚོན་སྦྱིན་པའི་སྦྱིན་པ་དང། སོ་སོར་གནོད་པའི་སྦྱིན་པ་དང། རྙེད་པའི་ཕྱིར་སྦྱིན་པ་དང། རྟག་ཏུ་འཇིགས་པའི་ཕྱིར་སྦྱིན་པ་དང། བྱང་ཆུབ་ཡོངས་སུ་ཉམས་པར་བྱེེད་པའི་སྦྱིན་པ་དང། འཆི་བའི་ཞགས་པའི་སྦྱིན་པ་དང། བསྟེན་པའི་ཕྱིར་སྦྱིན་པ་དང། འཇིགས་པའི་སྦྱིན་པ་དག་ལས་བཟློག་པར་འགྱུར་རོ་ཞེས་གསུངས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:མ་དག་པའི་སྦྱིན་པ་
|; |@@@ | | }}