50022
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མ་དད་པ་ཞེས་པ་ནི། དད་པའི་མི་མཐུན་ཕྱོགས་གཏི་མུག་གི་ཆ་ཤས་སུ་གཏོགས་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། གཏི་མུག་གི་ཆར་གཏོགས་པ་དགེ་བའི་ཆོས་རྣམས་ལ་སེམས་ཀྱི་ཡིད་མི་ཆེས་པ་དང། མ་དད་པ་དང། མི་འདོད་པ་སྟེ། ལེ་ལོའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། འདི་ལ་དབྱེ་ན། ཡིད་ཆེས་ཀྱི་དད་པའི་མི་མཐུན་ཕྱོགས་ལས་འབྲས་སོགས་ལ་ཡིད་མི་ཆེས་པའི་མ་དད་པ་དང། དང་བའི་དད་པའི་མི་མཐུན་ཕྱོགས་དཀོན་མཆོག་སོགས་ཡོན་ཏན་ཅན་ལ་དང་བ་མེད་ཅིང་སེམས་མི་དགེ་བའི་མ་དད་པ་དང། མངོན་འདོད་ཀྱི་དད་པའི་མི་མཐུན་ཕྱོགས་ཐར་པ་སོགས་ལ་དོན་གཉེར་མེད་ཅིང་མི་འདོད་པ་བྱེད་པའི་མ་དད་པ་རྣམས་སོ། ། |
Domain | ཆོས་ལུགས། |
{{#arraymap:མ་དད་པ་
|; |@@@ | | }}