50028

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་དམིགས་པའི་རྟགས་ (1)
Part of speech མིང་ཚིག
Definition རྟགས་ཡང་དག་གི་ནང་གསེས། དགག་བྱ་འགོག་པ་ལ་ཚུལ་གསུམ་ཚང་བ།
Example མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་པའི་དཔྱད་ཤེས་དོན་མཐུན་མེད་དེ། གང་ཟག་དེའི་རྒྱུད་ལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། ཞེས་པ་ལྟ་བུ་འགོག་བྱེད་མི་སྣང་མ་དམིགས་པའི་རྟགས་ཀྱིས་དགག་བྱ་ཤ་ཟ་ཡོད་མེད་ཀྱི་ངེས་ཤེས་དོན་མཐུན་འཇུག་པ་བཀག་པའོ། །
Domain ཚད་མ།

{{#arraymap:མ་དམིགས་པའི་རྟགས་

|; |@@@ | | }}