50030

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་དམིགས་པའི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition རྟགས་ཡང་དག་ལ་གྲངས་ངེས་ཀྱི་སྒོ་ནས་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། ཚུལ་གསུམ་ཚང་བའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན། དགག་པ་ཡིན་པ། ཞེས་དང་། མ་དམིགས་པའི་རྟགས་ཡང་དག་ལ་(མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དང་སྣང་རུང་མ་དམིགས་པའི་རྟགས་ཡང་དག་)གཉིས། ཞེས་གསུངས།
Domain ཚད་མ།

{{#arraymap:མ་དམིགས་པའི་རྟགས་ཡང་དག་

|; |@@@ | | }}

མ་དམིགས་པའི་རྟགས་ཡང་དག་ (2)
Part of speech མིང་ཚིག
Definition གཞི་ཆོས་ཅན་གང་ཡང་རུང་བའི་སྟེང་དུ་དགག་པ་གྱུར་པའི་ཆོས་གང་ཡང་རུང་བ་ཞིག་དཔོག་པར་བྱེད་པའི་རྒྱུ་མཚན་ནམ་སྒྲུབ་བྱེད་ཡང་དག་ཞིག་ལ་མ་དམིགས་པའི་རྟགས་ཡང་དག་ཞེས་ཟེར་བ་ཡིན་ཏེ། དགའ་བྱང་རྟགས་རིགས་མཐའ་དཔྱོད་ལས། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པ་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེེེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། དགག་པ་ཡང་ཡིན་པའི་གཞི་མཐུན་པ་སྲིད་པ་དེ། ཁྱོད་དེ་སྒྲུབ་ཀྱིི་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་མཚན་ཉིད་ཞེས་གསུངས་པའི་ཕྱིར།

{{#arraymap:མ་དམིགས་པའི་རྟགས་ཡང་དག་

|; |@@@ | | }}

མ་དམིགས་པའི་རྟགས་ཡང་དག་ (3)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན། དགག་པ་ཡང་ཡིན་པའི་གཞི་མཐུན་སྲིད་པ་གང་ཞིག དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པ། མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན། དེ་ལ་དབྱེ་ན། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དང་། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གཉིས་སོ། །

{{#arraymap:མ་དམིགས་པའི་རྟགས་ཡང་དག་

|; |@@@ | | }}

མ་དམིགས་པའི་རྟགས་ཡང་དག་ (4)
Part of speech མིང་ཚིག
Definition རྟགས་ཡང་དག་ལ་གསུམ་ཡོད་པའི་ནང་གསེས། གཞི་གང་ཞིག་གི་སྟེང་དུ་ཆོས་གང་ཞིག་འགོག་བྱེད་ཀྱི་གཏན་ཚིགས་ཡང་དག
Example མདུན་གྱི་གང་ཟག་ཀ་པའི་རྒྱུད་ལ་ཡོན་ཏན་ཡོད་མེད་ཐེ་ཚོམ་དང་བཅས་པའི་གང་ཟག་ཁ་པ་དེས་ཀ་པའི་རྒྱུད་ལ་ཡོན་ཏན་མེད་པར་ཐག་གཅོད་མི་རིགས་ཏེ། དེའི་རྒྱུད་ལ་ཡོན་ཏན་མེད་པ་ཁྱོད་ཀྱིས་མ་རྟོགས་པའི་ཕྱིར། དཔེ་གཞན་ནི་མདུན་གྱི་བྱམས་བརྩེ་དང་བྲལ་བའི་སྐྱེ་བོ་དེ་བྱམས་བརྩེས་ཕྱུག་པའི་སྐྱེ་བོ་ཚོ་དང་གནོད་མེད་དུ་ལྷན་ཅིག་ཏུ་གནས་མི་ནུས་ཏེ། བྱམས་བརྩེ་དང་བྲལ་བའི་སྐྱེ་བོ་ཡིན་པས་སོ། །མདོ་ལས། གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་མི་བྱའོ། །གང་ཟག་གིས་གང་ཟག་ལ་ཚོད་བཟུང་ན་རྨ་འབྱུང་བར་འགྱུར་ཏེ། ངའམ་གཞན་ཡང་ང་དང་འདྲ་བ་དག་གིས་གང་ཟག་ལ་ཚོད་བཟུང་ངོ་། །

{{#arraymap:མ་དམིགས་པའི་རྟགས་ཡང་དག་

|; |@@@ | | }}