50044
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གཞོན་ནུ་གདོང་དྲུག་སྟེ། སྔོན་གྱི་དུས་སུ་ལྷ་ཆེན་པོ་དང་ཨུ་མཱ་གཉིས་སྙོམས་པར་ཞུགས་པའི་ཚེ་ན། མེ་ལྷས་ལྷ་ཆེན་པོ་ལ་ས་བོན་ཨུ་མཱའི་མངལ་དུ་སོང་ཚེ། བུ་ཤིན་ཏུ་མཐུ་བ་འབྱུང་བས་མ་གཏོང་ཟེར་བས། ལྷ་ཆེན་པོས་ས་བོན་ས་ལ་ཕོ་བ་དང་། ཨུ་མཱས་ཁྱོད་ཀྱི་མངལ་དུ་གྱུར་ཅིག་ཅེས་དམོད་པ་བོར་བས། མེ་ལྷའི་མངལ་དུ་སོང་ནས་མ་བཟོད་པར་བརྟེན། ལྷ་མོ་གང་གཱའི་དྲུང་དུ་ཕྱིན་ནས་ཕྱུང་སྟེ། དེའི་མངལ་དུ་བཅོལ། དེ་ཡང་འདམ་བུའི་ཚལ་དུ་ཕྱིན་ནས། སྐར་མ་ས་ག་དང་ཟླ་བ་འགྲོགས་པའི་དུས་སུ་སྐྱེས་སོ། །དེའང་སྨིན་དྲུག་གིས་ནུ་མ་བསྣུན་ཏེ་ཡང་དག་པར་བསྐྱེད་དོ། །དེ་བཞིན་ལྷ་ཆེན་པོ་དང་ཨུ་མ་འདོད་པ་སྦྱད་དེ་ས་བོན་བྱུང་བས་རི་སྐྱེས་ཏེ་རི་སྐྱེས་མ་ནི་ཨུ་མཱ་སྟེ་དེ་ལ་སྐྱེས་པ་དང་། ཨུ་མཱའི་བུར་གྲགས། ས་བོན་མེ་ལྷའི་མངལ་དུ་སོང་བས་མེ་སྐྱེས་སམ། མེ་ལས་སྐྱེས་ཞེས་དང་། ས་བོན་སླར་ཡང་གང་གཱའི་མངལ་དུ་བཅོལ་བས། གང་གཱའི་བུའམ། གང་གཱ་སྐྱེས་དང་། འདམ་བུའི་ཚལ་དུ་སྐྱེས་པས་འདམ་བུ་སྐྱེས་སམ། སྨྱུག་ཚལ་སྐྱེས་ཞེས་དང་། སྐར་མ་ས་ག་དང་ཟླ་བ་ལྡན་དུས་སྐྱེས་པས་ས་ག་སྐྱེས་ཞེས་དང་། སྨིན་དྲུག་གིས་ནུ་མ་བསྣུན་ནས་ཆེར་སྐྱེས་པས་སྨིན་དྲུག་བུའམ། ཀཱརྟི་ཀེ་ཡ༔ཅེས་གྲགས་པས། མ་དྲུག་པའི་མིང་ཐོགས་དང་། མང་པོ་སྐྱེས་ཞེས་ཀྱང་བྱའོ། །ཨུ་མ་དང༌། གངྒ། སྨྱུག་མ། སྨིན་དྲུག །མེ་ལྷ། ས་ག་བཅས་མ་དྲུག་བརྒྱུད་ནས་སྐྱེས་པས་ན་མ་དྲུག་ཅེས་དང་། དེ་བཞིན་དུས་རྟག་ཏུ་ལང་ཚོ་ལོ་བཅུ་དྲུག་ལས་མི་ཡོལ་བས་ན་གཞོན་ནུ་ཞེས་ཟེར་རོ། ། |
Type | མངོན་བརྗོད། |
{{#arraymap:མ་དྲུག་གཞོན་ནུ་
|; |@@@ | | }}