50096

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ནིང་ (1)
Part of speech མིང་ཚིག
Definition མ་ལས་སྐྱེས་དུས་ནས་འདོམས་ཀྱི་དབང་པོ་ལ་སྐྱོན་ཡོད་པ་སྟེ། ཟ་མ་མ་ནིང་མཚན་གཉིས་པ། མཚན་མེད་ཟླ་བ་ཕྱེད་པ་སོགས་ཀྱི་མ་ནིང༌། འཁྱུད་ནས་ལྡང་བའི་མ་ནིང༌། མ་ནིང་ཕྲག་དོག་ཅན། ཉམས་པ་མ་ནིང་བཅས་ལྔ་ཡོད་པ་དང་། འདུལ་བ་ལས། དགེ་སློང་དག་མ་ནིང་ནི་ལྔ་པོ་འདི་དག་ཡིན་ཏེ། ལྔ་གང་ཞེ་ན། སྐྱེས་ནས་མ་ནིང་དང༌། ཟླ་བ་ཕྱེད་པའི་མ་ནིང་དང༌། འཁྱུད་ནས་ལྡང་བའི་མ་ནིང་དང༌། ཕྲག་དོག་ཅན་གྱི་མ་ནིང་དང༌། ཉམས་པའི་མ་ནིང་ངོ༌། །དེ་ལ་སྐྱེས་ནས་མ་ནིང་གང་ཞེ་ན། གང་སྐྱེས་ནས་བུད་མེད་ཀྱང་མ་ཡིན། སྐྱེས་པ་ཡང་མ་ཡིན་པའོ། །ཟླ་བ་ཕྱེད་པའི་མ་ནིང་གང་ཞེ་ན། གང་ཟླ་བ་ཕྱེད་ནི་བུད་མེད། ཟླ་བ་ཕྱེད་ནི་སྐྱེས་པར་འགྱུར་བའོ། །འཁྱུད་ནས་ལྡང་བའི་མ་ནིང་གང་ཞེ་ན། གང་ལ་གཞན་དག་གིས་འཁྱུད་ན་དབང་པོ་འབྱུང་བར་འགྱུར་བའོ། །ཕྲག་དོག་ཅན་གྱི་མ་ནིང་གང་ཞེ་ན། གང་ལ་གཞན་དག་རྩོལ་བ་མཐོང་ན་དབང་པོ་འབྱུང་བར་འགྱུར་བའོ། །ཉམས་པའི་མ་ནིང་གང་ཞེ་ན། གང་གི་དབང་པོ་ནད་ཀྱིས་ཉམས་པའམ། མཚོན་གྱིས་བཅད་པའོ། །ཞེས་གསུངས།

{{#arraymap:མ་ནིང་

|; |@@@ | | }}

མ་ནིང་ (2)
Part of speech མིང་ཚིག
Definition སྨན་གྱི་རྒྱུར་འགྲོ་བའི་མེ་ཏོག་ཅིག་སྟེ། །འཁྲུངས་དཔེར། ལྕམ་པ་ཞེས་བྱ་རོ་མངར་བསྐ། །རང་གི་ནུས་པས་ཆུ་འགགས་འབྱིན། །རྨ་རྣག་སྐེམ་ལ་ཁ་མི་སྐོམ། །ཞེས་གསུངས།
Domain གསོ་རིག

{{#arraymap:མ་ནིང་

|; |@@@ | | }}

མ་ནིང་ (3)
Part of speech མིང་ཚིག
Definition ཁ་ཆ་ཐ་ཕ་ཚ་རྣམས་ཏེ། མིང་གཞིའི་ཡི་གེ་དེ་དག་རེ་རེ་བཞིན་ངག་ནས་བརྗོད་ཚེ། སོ་སོའི་སྐྱེ་གནས་མགྲིན་པ། སོ། མཆུ། རྐན་སོགས་ལ་བྱེད་རྩོལ་གྱི་ཤུགས་ཆེ་ཆུང་ངམ་གྲིམས་ལྷོད་ཀྱི་དབང་གིས་ཤུགས་རན་པས་ནའོ། །
Domain སྒྲ་རིག་པ།

{{#arraymap:མ་ནིང་

|; |@@@ | | }}

མ་ནིང་ (4)
Part of speech མིང་ཚིག
Definition སྔོན་འཇུག་གི་ཡི་གེ་ག་ད་གཉིས་ཏེ། རང་རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་དང་བྱེད་རྩོལ་རན་པས་འཇུག་པ་ཡིན།
Example གདན། གནང་། གཞལ། གཟུ། གཅན། གཉན། གཏར། གནའ། གཙང་དང་། དཀར། དགར། དངགས། དཔག དབང་། དམངས། དམིགས་ལྟ་བུ།

{{#arraymap:མ་ནིང་

|; |@@@ | | }}

མ་ནིང་ (5)
Part of speech མིང་ཚིག
Definition རྗེས་འཇུག་གི་ཡི་གེ་ན་ར་ལ་གསུམ་སྟེ། མ་ནིང་གསུམ་ནི་མིང་གཞིའི་ཡི་གེ་གང་ལ་ཞུགས་ཀྱང་བརྗོད་པའི་སྒྲ་གདངས་དྲག་པ་དང་ཞན་པ་མ་ཡིན་པར་བར་མ་སྟེ་རན་པར་འཇུག་པ་ཡིན་ལ། དེ་ལ་ཡང་། ནང་གསེས་དབྱེ་ན། འགྱུར་བ་མ་ནིང་། མཚན་གཉིས་མ་ནིང་། མཚན་མེད་མ་ནིང་གསུམ་ཡོད།
Example བསྟནད། རྐུན། བསྐོརད། བསྟར། སྩལད། བཙལ། འགྲན། འགོར། འགུལ་ལྟ་བུ་འགྱུར་བ་མ་ནིང་དང་། འཛིནད། བརྒྱནད། གྱུརད། འབྱོརད། རོལད། བསལད་ལྟ་བུ་མཚན་གཉིས་མ་ནིང་། ཕྱིན། མཐུན། ཐརད། འཐོར། འཕྲུལད། འཁྲུལད་ལྟ་བུ་མཚན་མེད་མ་ནིང་ངོ་། །

{{#arraymap:མ་ནིང་

|; |@@@ | | }}