50103
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། མ་ནིང་ནག་པོའི་གནད་ཡིག་དམ་བདར་བཅོལ་བཏམས་ཀྱི་ཡིག་ཆུང་བཀོལ་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། མ་འོངས་ཐ་མའི་དུས་ཀྱི་ཚེ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ གུ་རུའི་གསུང་བཞིན་བདག་འདྲ་མཚོ་རྒྱལ་གྱིས༔ འབྲི་ཐང་ཀོ་རོའི་བྲག་ཏུ་བཀོད་པའོ༔ ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་འབྲི་ཐང་ཀོ་རོ་བྲག་ནས་བཏོན། འདིའི་ནང་དོན་ལ། སྲིའུ་དང་ནད་པ་ལ་སོགས་པ་གསོ་བར་འདོད་ན་རྣལ་འབྱོར་པ་དམ་ཚིག་དང་ལྡན་པས་དཔལ་མགོན་ཕྲིན་ལས་ཀྱི་བདག་པོ་ལ་བཅོལ་བཏམས་ཇི་ལྟར་བྱ་བའི་ཚུལ་བསྟན། |
{{#arraymap:མ་ནིང་ནག་པོའི་གནད་ཡིག་དམ་བདར་བཅོལ་བཏམས་ཀྱི་ཡིག་ཆུང་བཀོལ་བ་
|; |@@@ | | }}