5011

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོ་མོ་བྲག་ (1)
Part of speech མིང་ཚིག
Definition ལྷ་ར་གྲོང་གི་ཆར་གཏོགས་སུ་ཡོད་པའི་གནས་རིའི་དབེན་དགོན་ཞིག་ཡིན། དུས་རབ་བརྒྱད་པའི་ནང་དུ་སློབ་དཔོན་པདྨ་འབྱུང་གནས་གནས་འདིར་སྒྲུབ་པ་མཛད་སྐབས་བྲག་སྲིན་གྱིས་མཐོ་འཚམ་པར་བརྩོན་སྐབས་སློབ་དཔོན་ཁྲོ་བའི་ཉམས་ཀྱི་བཞེངས་རྡོ་རྗེ་བྲག་ལ་འཕངས་ཤིང་། ་འདྲེ་སྲིན་དམ་ལ་བཏགས་པས་མིང་དེ་ལྟར་ཐོག་པར་གྲགས། ད་ལྟ་ཡང་བྲག་ལ་རྡོ་རྗེ་འཕངས་པའི་རྗེས་ཤུལ་གསལ་བར་ཡོད་འདུག། བྲག་འདིའི་ཕྱོགས་བཞི་མཚམས་བརྒྱད་ཀུན་ལ་གུ་རུའི་ཕྱག་ཞབས་ཀྱི་རྗེས་དང་རྟ་ཁྱུང་ལ་སོགས་རང་བྱོན་མང་དུ་ཡོད་ཚུལ་གསལ ཆུ་འགྲོ་བ་འདྲེན་པ་དང་རྩ་འགྲོ་བ་འདྲེན་པ་ཅེས་པ་སོགས་གཏམ་བརྒྱུད་དང་འབྲེལ་བའི་རྩ་དང་ཆུ་སོགས་ཀྱང་ཡོད་སྐད།

{{#arraymap:ཁྲོ་མོ་བྲག་

|; |@@@ | | }}