From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མ་ཕམ་པ་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱལ་ཁ་སོགས་གཞན་ལ་མ་ཤོར་བའི་དོན་ཏེ།
|
| Example
|
དམག་འཁྲུག་ལས་མ་ཕམ་པ། ཚོང་ལས་མ་ཕམ་པ་ལྟ་བུ།
|
མ་ཕམ་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རྗེ་བཙུན་བྱམས་པ་མགོན་པོའི་མཚན་ཏེ། དམ་པ་ཏོག་དཀར་གྱི་རྒྱལ་ཚབ་ལ་བསྐོས་པས། ལྷ་རྣམས་ཀྱིས་བདག་ཅག་མི་ཕམ་མོ་ཞེས་བརྗོད་པས་དེ་ལྟར་བཏགས་སོ། །
|
| Type
|
མངོན་བརྗོད།
|
མ་ཕམ་པ་ (3)
| Part of speech
|
མིང་ཚིག
|
| Definition
|
ཁྱབ་འཇུག་སྟེ། ལྷ་མ་ཡིན་རྣམས་ལ་འཐབ་པའི་གཡུལ་ལས་མ་ཕམ་པར་རྒྱལ་བར་གྱུར་པས་སོ། །
|