50157

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་བཅིངས་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། བདག་དོན་ལྷུན་གྱིས་གྲུབ་པའི་གྲུབ་པ་རྟགས་ཀྱི་ཕྱག་རྒྱའི་ཁོངས་གཏོགས་ཏེ། འདིའི་དོན་ནི་ཐེག་པ་ཀུན་མཁྱེན་པའི་ཡེ་ཤེས་ཉིད་མི་ཤེས་པའི་མདུད་པས་མ་བཅིངས་པའི་བརྗོད་པའི་བརྡར་ཤར་བ་ལྗགས་སུ་གྲུབ་སྟེ། ལྷ་རྒྱུད་ལས། ལྗགས་གསུམ་ཐེག་གསུམ་མཐར་ཕྱིན་ཤེས་རབ་རྟགས། །ཞེས་གསུངས་པ་དང་། དེའང་སྐུའི་ཐེག་པ་འཆད་པས་གཡས་དཀར། གསུང་གི་ཐེག་པ་འཆད་པས་གཡོན་དམར། ཐུགས་ཀྱི་ཐེག་པ་འཆད་པས་དབུས་མཐིང་གའོ། །
Domain ཆོས་ལུགས།

{{#arraymap:མ་བཅིངས་པ་

|; |@@@ | | }}