50159
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་དགུ་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སྐད་ཅིག་དོན་དང་བྲལ་མི་སྲིད། དཔེར་བསྟན་དགོངས་ནས་མཉམ་(པར་)བཞག མ་བཅོས་གཞི་ཡི་ཕྱག་རྒྱ་ཡིན། ཞེས་གསུངས་པས། དེ་ཡང་སྤྲུལ་པའི་སྐུ་ཡིས་ཡང་དག་པའི་མཐའ་མངོན་དུ་བྱས་པའི་ཚད་རྫོགས་པས། དུས་རྟག་ཏུ་བོན་ཉིད་ཀྱི་ངང་དུ་མཉམ་པར་བཞུགས་པ་ལས་གཡོ་བ་དང་བྲལ་བ་མི་མངའ་བས། དེའི་ངང་ནས་གཞན་དོན་དུ་སྐུ་དང་གསུང་གི་སྒོ་ནས་ཕྲིན་ལས་འགག་མེད་མཛད་བཞིན་པ་ལ་རེ་ཞིག་ཏེ། གདུལ་བྱ་བཀྲི་དྲང་ལ་དཔེར་བསྟན་གྱི་དོན་དུ་དགོངས་ནས། ཕྱི་སྐུ་གསུང་གི་མཛད་པ་དེ་དག་བསྡུས་ཏེ་ཐུགས་ཉིད་མཉམ་པར་བཞག་པའི་ཚུལ་སྟོན་པར་མཛད་པའི་དོན་ནོ། ། |
Domain | ཆོས་ལུགས། |
{{#arraymap:མ་བཅོས་གཞི་ཡི་ཕྱག་རྒྱ་
|; |@@@ | | }}