50164

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་བཅོས་ལྷུན་གྱིས་གྲུབ་པའི་རུ་དྲ་ (1)
Part of speech མིང་ཚིག
Definition སྔགས། བྱ་རྒྱུད། རྙིང་མ། རུ་དྲ་ལྔའི་ཡ་གྱལ་ཞིག་སྟེ། དཀའ་འགྲེལ་རྡོ་རྗེ་ཐ་རམ་འབྱེད་པའི་ལྡེའུ་མིག་ལས། དེ་ནི་སྙིང་པོ་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་པས་ཆོས་ཐམས་ཅད་དབྱིངས་ཀྱི་ནམ་མཁའ་ལ་གསལ་བའོ། །ཞེས་དང་། རུ་དྲ་ལམ་སྲོང་ལས། རིག་པ་ཇི་ལྟར་གང་གསལ་ཀྱང༌། །རང་བྱུང་རང་སྣང་དེ་བཞིན་ཉིད། །མཐོང་རྟོགས་གོམས་པའི་སྐྱེས་བུ་ལ། །སྒོ་གསུམ་མཛད་པ་ཕྱོགས་རིས་མེད། །དེས་ན་ལུང་ཐོབ་བྱིན་རླབས་ལྡན། །ཞེས་པ་བཞིན། དེ་ལ་ཕྱེ་ན་གསུམ་སྟེ། གནས་ཚུལ་མ་བཅོས་པར་ལྷུན་གྱིས་གྲུབ་པ་དང། སྣང་ཚུལ་མ་བཅོས་པར་ལྷུན་གྱིས་གྲུབ་པ་དང། འབྲས་བུ་མ་བཅོས་པར་ལྷུན་གྱིས་གྲུབ་པ་བཅས་གསུམ་མོ། །འདི་ཉིད་མདོ་དགོངས་པ་འདུས་པའི་ལེའུ་སོ་གཅིག་པས་སྟོན་པར་དཀའ་འགྲེལ་རྡོ་རྗེ་ཐ་རམ་འབྱེད་པའི་ལྡེའུ་མིག་ཏུ་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:མ་བཅོས་ལྷུན་གྱིས་གྲུབ་པའི་རུ་དྲ་

|; |@@@ | | }}