50165

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་བཏབ་བྲ་བོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་རང་བཞིན་དུ་སྐྱེས་བའི་མེ་ཏོག་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སྙུང་རིལ་དབྱིབས་ལ་ཨ་ར་འདྲ་བའི་རྩ་ཕྲན་ཡོད་ཅིང་། སྡོང་པོ་སྔོ་ལྗང་ཕྲ་ལ་ཚིགས་པ་ཅན་རྒས་ཚེ་དམར་སྨུག་ཏུ་གྱུར་བ་ནང་ཁོག་སྟོང་པ། རིང་ཐུང་སྐྱེ་གནས་དབང་གི་ངེས་པ་མེད། ལོ་མ་ལྗང་སེར་སྲབ་ཅིང་འཇམ་ལ་འོད་མདངས་ལྡན་པ། མེ་ཏོག་དམར་སྐྱ་ཆུང་ལ་ལྕུམ་གྱི་མེ་ཏོག་དང་འདྲ་བ། འབྲས་བུ་སྨུག་ལ་ནག་ཉམས་ཅན་ཟུར་གསུམ་དང་ལྡན་པ་མཁྲེགས་ལ་ཞིབ་པ་ཡོད། རོ་མངར་ལ་ཁ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་ཡང་བས་ཁྲག་སྐྲན་བཤིག་ཅིང་འབྲས་ནད་སེལ་བ་དང༌། ཚིགས་པའི་གདུས་ཐང་གིས་ཆང་ནད་ལ་ཕན་པ་དང༌། ངར་པ་སོགས་ཚིགས་བཅས་པ་བཙོས་པའི་ཆང་གིས་མ་ཞུ་བ་སེལ་བར་བྱེད་པ་ཡིན།

{{#arraymap:མ་བཏབ་བྲ་བོ་

|; |@@@ | | }}