50175

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་བསྐོས་པའི་སྡེ་ཚན་བཅུ་ (1)
Part of speech མིང་ཚིག
Definition ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། བཅུ་ཚན་གསུམ་པ་མ་བསྐོས་པའི་སྡེ་ཚན་ལ། དགེ་སློང་མ་ལ་ཆོས་སྟོན་པའི་ལྟུང་བྱེད་དང༌། ཉི་མ་ནུབ་ནས་ཆོས་སྟོན་པའི་ལྟུང་བྱེད་དང༌། ཟས་ཕྱིར་ཆོས་སྟོན་ཟེར་བའི་ལྟུང་བྱེད་དང༌། གོས་བྱིན་པའི་ལྟུང་བྱེད་དང༌། གོས་བྱེད་པའི་ལྟུང་བྱེད་དང༌། ལམ་དུ་འགྲོ་བའི་ལྟུང་བྱེད་དང༌། གྲུར་འཇུག་པའི་ལྟུང་བྱེད་དང༌། འདུག་པའི་ལྟུང་བྱེད་དང༌། འགྲེང་བའི་ལྟུང་བྱེད་དང༌། ཟས་སྦྱོར་དུ་འཇུག་པའི་ལྟུང་བྱེད་དེ་བཅུའོ། །
Domain ཆོས་ལུགས།

{{#arraymap:མ་བསྐོས་པའི་སྡེ་ཚན་བཅུ་

|; |@@@ | | }}