50177

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་བསྐོས་པར་སྟོན་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།

{{#arraymap:མ་བསྐོས་པར་སྟོན་པའི་ལྟུང་བྱེད་

|; |@@@ | | }}

མ་བསྐོས་པར་སྟོན་པའི་ལྟུང་བྱེད་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་མ་བསྐོས་པར་དགེ་སློང་མ་ལ་ཆོས་བསྟན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གང་དགེ་སློང་མའི་སྟོན་པར་ཚུལ་བཞིན་དུ་བསྐོས་པ་མ་ཡིན་པས་དགེ་སློང་མ་ལ་ཆོས་བསྟན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། མ་བསྐོས་པ་དགེ་སློང་མ་ལ་སྟོན་ནའོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གི་དགེ་འདུན་གྱིས་དགེ་སློང་མའི་སྟོན་པར་མ་བསྐོས་བཞིན་དུ་དགེ་སློང་གིས་དགེ་སློང་མ་ལ་ཆོས་སྟོན་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:མ་བསྐོས་པར་སྟོན་པའི་ལྟུང་བྱེད་

|; |@@@ | | }}