50185
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དོན་རྒྱན་སོ་ལྔའི་ནང་གསེས་གསུམ་པ་གཟུགས་རྒྱན་ཉི་ཤུའི་ནང་གསེས་གཉིས་པ་སྟེ། དཔེ་ཅན་གྱི་ཁྱད་གཞི་ཁྱད་ཆོས་འགའ་ཞིག་དཔེའི་ཁྱད་གཞི་ཁྱད་ཆོས་དང་ངོ་བོ་དབྱེར་མེད་དུ་བཀོད་ཅིང་། དཔེ་དོན་བར་གྱི་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་མ་བསྡུས་པའི་རྒྱན་ཞིག་ལ་ཟེར། |
Example | བོད་མཁས་པས། ལུས་ཀྱི་འཁྲི་ཤིང་འཁྱོག་པའི་རྩེར་སྨིན་པའི། །རལ་བའི་མེ་ཏོག་ཙམ་པ་ཀ་ཡི་རྡུལ། ། འཐུང་འདོད་མིག་གི་བུང་བ་ཀེམ་ཀེམ་གཡོ། །རྒན་པོའི་སྐྱེད་ཚལ་འདི་ནི་ཡ་རེ་ང་། །ལྟ་བུ། |
Domain | རྩོམ་རིག |
{{#arraymap:མ་བསྡུས་པའི་གཟུགས་ཅན་
|; |@@@ | | }}