From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མ་བུ་ (1)
| Part of speech
|
མིང་ཚིག
|
| Definition
|
མ་དང་བུ་ཞེས་པའི་བར་གྱི་དང་གི་སྒྲ་བསྡུས་པ་སྟེ། ཨ་མ་དང་བུ་གཉིས་ལ་གོ།
|
| Example
|
མ་བུ་མཉམ་འཛོམས་བྱུང་ལྟ་བུ།
|
མ་བུ་ (2)
| Part of speech
|
མིང་ཚིག
|
| Definition
|
འབྱུང་རྩིས་སམ་ནག་རྩིས་ཀྱི་ནང་གི་མ་བུ་ལ་གོ།
|
| Example
|
ནག་རྩིས་སྦྱངས་ཚར་ནའང་ད་དུང་མ་བུ་དགྲ་གྲོགས་ཙམ་ཡང་རྩི་མི་ཤེས་ལྟ་བུ།
|
| Domain
|
རྩིས་རིག
|
མ་བུ་ (3)
| Part of speech
|
མིང་ཚིག
|
| Definition
|
དངུལ་གྱི་མ་རྩ་དང་སྐྱེད་ཀ་ལ་ཟེར།
|
| Domain
|
དཔལ་འབྱོར།
|
མ་བུ་ (4)
| Part of speech
|
མིང་ཚིག
|
| Definition
|
འདྲ་བཤུས་བྱས་པའི་དངོས་པོ་དང་འདྲ་བཤུས་བྱེད་སའི་གཞི་རྩ་གཉིས་ལ་གོ་སྟེ།
|
| Example
|
བརྟགས་ཤིང་དཔྱད་ན་ཡིག་རྙིང་འདི་གཉིས་ཀྱི་མ་བུ་ངོ་འཕྲོད་ཀྱི་འདུག་པ་ལྟ་བུ།
|