50190

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་བུ་དགྲ་གྲོགས་ (1)
Part of speech མིང་ཚིག
Definition བརྟན་གཡོའི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་འབྱུང་བ་དེ་དག་གཉིས་གཉིས་ཕན་ཚུན་ཕྲད་པ་ལས་ནུས་པ་དང་བྱེད་ལས་མི་འདྲ་བ་རེ་བྱུང་སྟེ་ཕྱི་རོལ་ཏུ་ཕན་ཚུན་གནོད་སྣ་ཚོགས་ཀྱི་རྣམ་པར་ཤར་བས་མ་བུ་དགྲ་གྲོགས་ཀྱི་ཐ་སྙད་བྱུང་བ་ཡིན། དེ་ཡང་སྤྱིར་སྐྱེ་དངོས་ཐམས་ཅད་ཆུའི་བརླན་གཤེར་དང་བྲལ་ཐབས་མེད་པ་མ་ཟད། ལྷག་པར་དུ་འབྱུང་བ་ལྔའི་མཚན་གཞིའི་ནང་ཚན་དུ་གྱུར་བའི་སྐྱེ་བའི་མཚན་ཉིད་ཅན་གྱི་ཤིང་ནི་གཙོ་བོ་ཆུའི་བརླན་གཤེར་ལ་བརྟེན་ནས་སྐྱེ་བ་དང་། གནས་པ། རྒྱས་པ་སོགས་འབྱུང་བཞིན་ཡོད་པས་ཤིང་མ་ཆུ་དང་། ས་འོག་ཏུ་ཡོད་པའི་ལྕགས་རིགས་སམ་ལྕོགས་རྡོའི་རིགས་རྣམས་ཀྱིས་སའི་ཁམས་ཀྱི་བརླན་གཤེར་རྣམས་སྡུད་ཅིང་དེ་ལས་ཆུ་འབྱུང་བཞིན་ཡོད་པས་ཆུ་མ་ལྕགས། འཇིག་རྟེན་སྣོད་བཅུད་ཀྱི་ཁམས་འཕེལ་བའི་དུས་རིམ་ནང་ས་ཡི་བཅུད་དམ་སྙིང་པོ་དེ་ལོ་གྲངས་རིམ་བརྒྱད་ཀྱིས་ལྕགས་ལ་སོགས་པའི་གཏེར་རྫས་རིགས་སུ་འགྱུར་བཞིན་ཡོད་པས་ལྕགས་མ་ས། མེ་ཡིས་དངོས་པོ་རྣམས་བསྲེགས་རྗེས་ཐལ་བར་འགྲོ་བས་ས་མ་མེ། གཙུབ་ཤིང་ཕན་ཚུན་བདར་བ་ལས་མེ་འབྱུང་བའམ་བུད་ཤིང་ལ་བརྟེན་ནས་མེ་བསྐྱེད་དགོས་པས་མེ་མ་ཤིང་བཅས་གང་ཞིག་གང་གང་ལས་འབྱུང་ས་དེ་མར་འཇོག་ཅིང་། གང་ཞིག་གང་ལས་བྱུང་བ་དེ་བུར་འཇོག་པས་ཤིང་བུ་མེ་སོགས་སོ་སོའི་བུ་ཕྲད་རྣམ་གཞག་དེ་གོང་གི་མ་ཕྲད་ཀྱི་རྣམ་གཞག་ལས་རྟོགས་ཐུབ། ཡང་ཤིང་སོགས་ཐད་ཀར་གཅོད་པའི་ནུས་པ་སྟ་རེ་སོགས་ལྕགས་སྤྱད་ཀྱི་དངོས་པོར་ཡོད་པས་ཤིང་དགྲ་ལྕགས་དང་། ལྕགས་རིགས་རྣམས་བཞུ་བའི་ནུས་པ་མེ་ལ་ཡོད་པས་ལྕགས་དགྲ་མེ། མེ་གསོད་པའི་ནུས་པ་ཆུ་ལ་ཡོད་པས་མེ་དགྲ་ཆུ། ཆུ་འགོག་པའི་ནུས་པ་ས་ལ་ཡོད་པས་ཆུ་དགྲ་ས། ས་སྐྱེ་འབྲི་དང་འཕོ་འགྱུར་སོགས་འགོག་པའི་ནུས་པ་ཤིང་ལ་ཡོད་པས་ས་དགྲ་ཤིང་བཅས་གང་ཞིག་གང་གིས་ལོངས་སྤྱོད་མཁན་དེ་དགྲར་འཇོག་ཅིང་། ཤིང་སྐྱེ་བའི་རྟེན་ནམ་གནས་གཞི་ས་ཡིན་པས་ཤིང་གྲོགས་ས་དང་། སའི་བྱེད་ལས་ཀྱི་ནུས་པ་ཆུའི་བརླན་གཤེར་ལ་བརྟེན་ནས་ཐོན་སྟབས་ས་གྲོགས་ཆུ། དབྱར་གྱི་དུས་སུ་ཕྱི་རོལ་ཡུལ་ལ་དྲོད་རྒྱས་ཚེ་ཆབ་ཆུ་འཕེལ་ཞིང་ཆུ་བོ་གཞུང་རྒྱས་སྟབས་ཆུ་གྲོགས་མེ། མེ་ལྕགས་དང་། མེ་རྡོ། སྤྲ་བ་གསུམ་ཚོགས་པ་ལས་མེ་འབྱུང་ཞིང་། དེ་ལས་མེ་ལྕགས་ནི་མེ་སྐྱེད་བྱེད་ཀྱི་གྲོགས་གཙོ་བོ་ཡིན་པས་མེ་གྲོགས་ལྕགས་གང་ཞིག་གང་གིས་ལོངས་སྤྱོད་བྱ་དེ་གྲོགས་སུ་འཇོག་པ་ཡིན།
Domain རྩིས་རིག

{{#arraymap:མ་བུ་དགྲ་གྲོགས་

|; |@@@ | | }}