50197

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུས་ཡིད་བརྟན་པའི་ཆོས་ཐོབ་པ་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ ལོངས་སྤྱོད་ཆེ་བར་འགྱུར་ལ་དེའི་ལོངས་སྤྱོད་དེ་དག་ཀྱང་རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་དང་། མེ་དང་། བགོ་སྐལ་ལ་སྤྱོད་པའི་མི་མཛའ་བ་རྣམས་ཀྱིས་མི་འཕྲོག་པ་ཡིན། ༢ སྐྱེ་བོ་མང་པོའི་ཡིད་དུ་འོང་ཞིང་དགའ་བ་ཡིན། ༣ དོགས་པ་མེད་པ་ཡིན། ༤ ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་བསྔགས་པ་བརྗོད་ཅིང་དེ་ལ་ཕ་རོལ་གྱི་གནོད་པས་འཇིགས་པ་མེད་པ་ཡིན། ༥ དེའི་སེམས་སྦྱིན་པའི་བགོ་བཤའ་ལ་འཇུག་པའོ། །མ་བྱིན་པར་ལེན་པ་སྤངས་པའི་དགེ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་བཞིན་གཤེགས་པ་ཉེ་བའི་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་ཅན་དུ་རང་གིས་མངོན་པར་རྟོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །
Domain ཆོས་ལུགས།

{{#arraymap:མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུས་ཡིད་བརྟན་པའི་ཆོས་ཐོབ་པ་ལྔ་

|; |@@@ | | }}