50202
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མ་བྱིན་པར་ལེན་པ་ནི་བསམ་བཞིན་དུ་གཞན་གྱི་ནོར་མཐུས་དངོས་སུ་ཕྲོགས་པའམ་འཇབ་བུས་མ་ཚོར་བར་བདག་གིར་བྱེད་པ་སྟེ། བུ་ལོན་དང་གཏམས་པ་ལ་དོར་བྱེད་པ་དང་གཡོ་སྒྱུས་བླངས་ན་ཡང་དངོས་གཞིའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། མ་བྱིན་པར་ལེན་པ་ནི་གཞན་གྱིས་བདག་གིར་བཟུང་བའི་ནོར་དབང་གིས་འཕྲོག་པའི་མཐུ་དང་མ་ཚོར་བར་འཇབ་བུས་བདག་གིར་བྱེད་པའོ། །འདིར་ཡང་བསམས་བཞིན་དུ་མ་ནོར་བར་ཞེས་ཤེས་པར་བྱ་སྟེ། མ་བསམས་པར་བདག་གི་ནོར་གྱི་གསེབ་ཏུ་གཞན་གྱི་ནོར་བླངས་པ་ལ་ནི་ཉེས་པ་མེད་པའི་ཕྱིར་དང་། ནོར་བར་གཞན་གྱི་ནོར་བླངས་པ་ནི་སྦྱོར་བའི་ཉེས་པར་འགྱུར་གྱི་དངོས་མེད་པའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:མ་བྱིན་ལེན་
|; |@@@ | | }}