50203

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་བྱིན་ལེན་གྱི་ཕམ་པ་ (1)
Part of speech མིང་ཚིག
Definition འདུལ་བ་གཞུང་དམ་པའི་སྡེ་ཚན་ཞིག བཀའ་འགྱུར་འདུལ་བ་ན་པར་བཞུགས།

{{#arraymap:མ་བྱིན་ལེན་གྱི་ཕམ་པ་

|; |@@@ | | }}

མ་བྱིན་ལེན་གྱི་ཕམ་པ་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་རང་ལས་ཐ་དད་པའི་གཞན་གྱིས་བདག་གིར་བཟུང་པའི་རིན་ཐང་ཚང་བའི་དངོས་པོ་མ་བྱིན་པར་བླངས་པས་ན་མ་བྱིན་གྱི་ཕམ་པ་ཟེར། མཚན་ཉིད་ནི། པཎ་ཆེན་འདུལ་བ་ལས། བཅས་ལྡན་དགེ་སློང་གིས་རང་ལས་ནོར་ཐ་དད་པའི་མིས་བདག་ཏུ་བཟུང་བའི་རྫས་རིན་ཐང་ཚང་བ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྐུ་སེམས་རྒྱུན་མ་ཆད་པར་རང་ངམ་བསྐོས་པ་གང་རུང་གིས་ལུས་ངག་ཏུ་གྲུབ་ཅིང་། མཐར་ཐུག་ཐོབ་བློ་སྐྱེས་པ་མ་བྱིན་ལེན་གྱི་ཕམ་པའི་མཚན་ཉིད། གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་ནོར་ཅན་གྱིས་ཤིང་བསྐུས་པ་ལས་ཕམ་པའི་ལྟུང་བ་འདི་བཅས་སོ། །དགག་བྱ་ནི་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེ་པའོ། །འདི་འཆད་པ་ལ། རྐུ་འམ་རྐུར་བཅུག་པ་དག་གིས་སོ། །མངགས་པས་ཀྱང་ངོ་། །མ་བྱིན་པའོ། །མ་ཤ་ཀ་ལྔ་ལ་སོགས་པའོ། །རྐུ་སེམས་ཀྱིའོ། །མིའི་རྒྱུད་ཀྱི་ཡོངས་སུ་བཟུང་བའོ། །དེར་འདུ་ཤེས་པས་སོ། །ཞེས་སོགས་ཀྱི་མདོ་གསུངས། ཕམ་པའི་རྟེན་བཅས་ལྡན་དགེ་སློང་དེ་ལས་དང་པོ་པ་མིན་པ་ཞིག་དགོས་ཏེ། དགེ་སློང་ནོར་ཅན་གྱིས་ཤིང་མ་བྱིན་པར་བླངས་པས་ཕམ་པ་འབྱུང་བར་མི་འཇོག་པའི་ཕྱིར། རྫས་བདག་རང་ལས་ནོར་ཐ་དད་པ་ཞིག་དགོས་ཏེ། རང་གི་རྫས་རྐུས་ན་ལྟུང་བ་ན་སྨད་ལས་མི་བསྐྱེད་པའི་ཕྱིར། ཁྱད་པར་མི་ཡིན་པ་གཅིག་དགོས་ཏེ། མི་མ་ཡིན་གྱི་རྫས་རྐུས་ན་ལྟུང་བ་ན་སྨད་པའི་ཕྱིར། ཕ་རོལ་པོས་བདག་ཏུ་བཟུང་བ་གཅིག་ཀྱང་དགོས་ཏེ། མ་བཟུང་བ་དགྲ་བཅོམ་པ་དང་། སྒྲ་མི་སྙན་པ་ལྟ་བུའི་རྫས་རྐུས་ན་སྦོམ་པོར་འགྱུར་བའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:མ་བྱིན་ལེན་གྱི་ཕམ་པ་

|; |@@@ | | }}