50204
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། མ་བྱིན་ལེན་གྱི་ཕམ་པ་ལ་ཕམ་པ་འབྱུང་བའི་རིན་ཐང་གི་ཚད་ཀྱི་སྒོ་ནས་དབྱེ་བ་ལྔ་ཡོད་དེ། རིན་ཐང་ཆུང་ཚད་ཀྱི་དབང་དུས་བྱས་པའི་ཕམ་པ། འབྲིང་གི་ཆུང་ཚད་ཀྱི་དབང་དུ་བྱས་པའི་ཕམ་པ། འབྲིང་གི་འབྲིང་ཚད་ཀྱི་དབང་དུ་བྱས་པའི་ཕམ་པ། འབྲིང་གི་ཆེ་ཚད་ཀྱི་དབང་དུ་བྱས་པའི་ཕམ་པ། རིན་ཐང་ཆེན་པོའི་དབང་དུ་བྱས་པའི་ཕམ་པ་རྣམས་སོ། །དང་པོ་ནི། བཅས་ལྡན་དགེ་སློང་གིས་ཀར་ཤ་པ་ནི་ཤིན་ཏུ་མང་བའི་དུས་སུ་དེའི་བཞི་ཆའི་ཚད་ཀྱི་མ་ཤ་ཀ་གསུམ་བརྐུས་པ་ལས་བྱུང་བའི་ཕམ་པ་ལྟ་བུ། གཉིས་པ་ནི། ཀར་ཤ་པ་ནི་མང་བའི་དུས་སུ་བཅས་ལྡན་དགེ་སློང་གིས་མ་ཤ་ཀ་བཞི་བརྐུས་པའི་ཕམ་པ་ལྟ་བུ། གསུམ་པ་ནི། ཀར་ཤ་པ་ནི་མང་ཉུང་འབྲིང་པའི་དུས་སུ་བཅས་ལྡན་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་པའི་ཕམ་པ་ལྟ་བུ། བཞི་པ་ནི། ཀར་ཤ་པ་ནི་དཀོན་ལ་གཏོགས་པའི་དུས་སུ་བཅས་ལྡན་དགེ་སློང་གིས་མ་ཤ་ཀ་བརྒྱད་བརྐུས་པའི་ཕམ་པ་ལྟ་བུ། ལྔ་པ་ནི། ཀར་ཤ་པ་ནི་ཤིན་དུ་དཀོན་པའི་དུས་སུ་བཅས་ལྡན་དགེ་སློང་གིས་མ་ཤ་ཀ་བཅུ་བརྐུས་པའི་ཕམ་པ་ལྟ་བུའོ། །འདི་དག་ལ་དུས་དང་ཚེ་སྦྱར་ནས་རྩི་པ་གལ་ཆེ་ཡིས། ཁ་ཡངས་ལ་བཏང་ན་འཇུག་པ་འཆོལ་ཉེན་ཡོད། དེ་ལྔའི་ནང་ནས་གང་གཙོ་ཆེ་སྙམ་ན། ཁ་ཅིག་འབྲིང་གི་འབྲིང་ཚད་གཙོ་ཆེ་གསུངས་པ་བྱུང་འདུག་ཀྱང་། ཡུལ་དུས་དང་སྦྱར་ནས་རྩི་བ་མ་གཏོགས། ལྔ་པོ་དེ་ལ་གཙོ་ཆེ་ཆུང་འཆད་མི་རིགས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:མ་བྱིན་ལེན་གྱི་ཕམ་པ་ལྔ་
|; |@@@ | | }}