50222

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་མཐོང་བ་ཕྱི་མ་འབྱུང་བ་བརྒྱད་ (1)
Part of speech མིང་ཚིག
Definition མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ། ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བའི་ལུས་ཕུན་སུམ་ཚོགས་པ། སྐྱེ་བ་ཀུན་ཏུ་ཚེ་རབས་དྲན་པའི་བསམ་པ་ཕུན་སུམ་ཚོགས་པ། སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་རྣམས་དང་འཕྲད་པ་སྟེ་ལམ་གྱི་རྟེན་གསུམ། ལམ་ནི་སངས་རྒྱས་དེ་ལས་ཐེག་པ་མཆོག་གི་ཆོས་ཐོས་པ། ཐེག་པ་དེ་ལ་མོས་པ་གང་ཞིག་དོན་རྣམ་པར་ངེས་པའི་བློ་གྲོས་དང་བཅས་པ་འབྱུང་བ། དག་པའི་སར་ཏིང་ངེ་འཛིན་གྱི་སྒོ་ཚད་མེད་པ་ཐོབ་པ། གཟུངས་ཀྱི་སྒོ་ཚད་མེད་པ་ཐོབ་པ། མཐར་ཐུག་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པའོ། །
Domain ཆོས་ལུགས།

{{#arraymap:མ་མཐོང་བ་ཕྱི་མ་འབྱུང་བ་བརྒྱད་

|; |@@@ | | }}