From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མ་ཟིན་ (1)
| Part of speech
|
མིང་ཚིག
|
| Definition
|
ལག་པས་འཛིན་མ་ཐུབ་པའི་དོན་ཏེ།
|
| Example
|
ཉེན་རྟོག་པས་རྐུན་མ་བདས་ཀྱང་མ་ཟིན་ལྟ་བུ།
|
མ་ཟིན་ (2)
| Part of speech
|
མིང་ཚིག
|
| Definition
|
རྩོམ་ཡིག་གི་མ་གདན་གྱི་མིང་སྟེ།
|
| Example
|
དཔྱད་རྩོམ་གྱི་མ་ཟིན་ཆ་ཚང་བྲིས་ཚར་ཡང་བརླགས་སོང་ལྟ་བུ།
|
མ་ཟིན་ (3)
| Part of speech
|
མིང་ཚིག
|
| Definition
|
མ་ནུས་བགོས་པའི་ལྷག་མ་ཐིག་ཡིན་ཚེ། གཟུང་བྱའི་རྐང་སྡོམ་ཡང་ཐིག་ཙམ་ལས་མ་ཟིན་པས་ན་དེ་སྐད་གྲགས། རྣམ་འགྲེལ་གསེར་ཤིང་ལས། ལྷག་མ་རྐང་འཛིན་དུ་སྟོང་པ་སྟེ་ཐིག་ལེ་ཤར་བ་ན་རྐང་པ་མ་ཟོས་པ་ཡིན་པས། རྐང་སྡོམ་ལའང་སྟོང་པ་རྣམ་པར་དག་པ་སྟེ་ཐིག་ལེ་བྲིའོ། །ཞེས་བྱུང་། །
|
| Domain
|
རྩིས་རིག
|