50273

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་འཁྲུལ་བའི་ཤེས་པ་ (1)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། མ་འཁྲུལ་བའི་ཤེས་པའི་མཚན་ཉིད། ཡུལ་གྱི་གནས་ལུགས་རིག་པའི་ཤེས་པ། དབྱེ་ན། མངོན་སུམ་དང༌། ཞེན་ཡུལ་ལ་མ་འཁྲུལ་བའི་རྟོག་པ་གཉིས། ཞེས་གསུངས།
Domain ཚད་མ།

{{#arraymap:མ་འཁྲུལ་བའི་ཤེས་པ་

|; |@@@ | | }}

མ་འཁྲུལ་བའི་ཤེས་པ་ (2)
Part of speech མིང་ཚིག
Definition མ་འཁྲུལ་བའི་ཤེས་པ་ཞེས་པ་རང་གི་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རང་གི་སྣང་ཡུལ་ལ་མ་འཁྲུལ་བའི་རིག་པ། མ་འཁྲུུལ་བའི་ཤེས་པའི་མཚན་ཉིད། དེ་ལ་དབྱེ་ན། མངོན་སུམ་དུ་གྱུར་བའི་མ་འཁྲུལ་བའི་ཤེས་པ་དང་། མངོན་སུམ་མ་ཡིན་པར་གྱུར་བའི་མ་འཁྲུལ་བའི་ཤེས་པ་གཉིས་ལས། དང་པོ་དང་མངོན་སུམ་དོན་གཅིག གཉིས་པ་ནི། ཤེས་པ་དང་། ཚད་མ་ལྟ་བུའོ། །ཞེས་གསུངས།

{{#arraymap:མ་འཁྲུལ་བའི་ཤེས་པ་

|; |@@@ | | }}