50274

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་འགགས་པ་ (1)
Part of speech མིང་ཚིག
Definition སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཉེ་འཁོར་བཅུའི་གྲས་ཀྱི་དགེ་སློང་ལྷའི་སྤྱན་མཆོག་ཏུ་གྱུར་པ་ཞིག་སྟེ། མ་ག་དྷཱ་བཟང་མོའི་གཏམ་རྒྱུད་ལས། དེ་ནས་མ་འགགས་པ་གསེར་གྱི་པདྨ་ཤིང་རྟའི་འཕང་ལོ་ཙམ་པ་དངུལ་གྱི་གེ་སར་དང༌། བཻཌཱུརྱའི་སྡོང་པོ་ཅེན་གྱི་ལྟེ་བ་ལ་ཞུགས་ནས་བྱོན་པས། འདི་ནི་དགེ་སློང་མ་འགགས་པ་སྟེ། ལྷའི་མིག་དང་ལྡན་པ་རྣམས་ཀྱིས་མཆོག་ཏུ་བསྟན་པ་དེ་ཡིན་ནོ། །

{{#arraymap:མ་འགགས་པ་

|; |@@@ | | }}

མ་འགགས་པ་ (2)
Part of speech མིང་ཚིག
Definition རྒྱུན་མུ་མཐུད་དུ་གནས་པའི་དོན་ཏེ།
Example སྐྱེས་ལ་མ་འགགས་པ་ད་ལྟ་བའི་མཚན་ཉིད་ལྟ་བུ།

{{#arraymap:མ་འགགས་པ་

|; |@@@ | | }}

མ་འགགས་པ་ (3)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག བདག་དོན་ལྷུན་གྱིས་གྲུབ་པའི་གྲུབ་པ་རྟགས་ཀྱི་ཕྱག་རྒྱའི་ཁོངས་གཏོགས་ཏེ། འདིའི་དོན་ནི་ཐམས་ཅད་མ་སྒྲིབ་པས་བརྗོད་པ་རིལ་མ་གསན་པར་གསལ་ཏེ་མ་འགགས་པའི་ངོ་བོར་བཞུགས་པའི་བརྡར་ཤར་བ་སྙན་དུ་གྲུབ་པ་སྟེ། ལྷ་རྒྱུད་ལས། སྒྲ་ཆེན་ཐ་དད་སྒྲ་སྟེ་ཆོས་སྐུ་ཏིང་འཛིན་སྙན། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:མ་འགགས་པ་

|; |@@@ | | }}