50281

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་འདྲེས་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མ་རིག་པ་ལས་གཞན་པའི་རྩ་ཉོན་འདོད་ཆགས་ཁོང་ཁྲོ་ང་རྒྱལ་ཐེ་ཚོམ་ལྟ་བ་སོགས་གཞན་གང་དང་ཡང་དང་མ་འདྲེས་པ་སྟེ་མཚུངས་པར་མི་ལྡན་པ་ཡིན་ཏེ། འགྲེལ་པ་ལས། མ་འདྲེས་པ་ཞེས་བྱ་བ་ནི་སེམས་གང་ལ་མ་རིག་པ་འབའ་ཞིག་ཡོད་ཀྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གཞན་མེད་པའོ། །ཞེས་གསུངས། དཔེར་ན་རྩ་ཉོན་གཞན་འདོད་ཆགས་ཁོང་ཁྲོ་ང་རྒྱལ་ཐེ་ཚོམ་ལྟ་བ་སོགས་གང་དང་ཡང་མ་འདྲེས་པ་སྟེ་མཚུངས་པར་མི་ལྡན་པའི་མ་རིག་པ་ནི་མ་འདྲེས་པའི་མ་རིག་པ་དང་། དེ་བཞིན་དུ་རྩ་ཉོན་གཞན་འདོད་ཆགས་ཁོང་ཁྲོ་ང་རྒྱལ་ཐེ་ཚོམ་ལྟ་བ་སོགས་གང་དང་ཡང་མ་འདྲེས་པའི་མི་དགེ་བ་ནི་མ་འདྲེས་པའི་མི་དགེ་བ་སྟེ། གཞན་ལ་ཡང་སྦྱོར་རོ། །
Domain ཆོས་ལུགས།

{{#arraymap:མ་འདྲེས་པ་

|; |@@@ | | }}