50282

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་འདྲེས་པ་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། འཕགས་པ་འོག་མ་རྣམས་དང་མ་འདྲེས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཞིག་ལ་འཇོག་པ་ཡིན་ནོ། །དེ་བཅོ་བརྒྱད་དུ་གྲངས་ངེས་པ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། སྡེ་ཚན་བཞི་པ་ཡོན་ཏན་དེ་རྣམས་འཕགས་པ་འོག་མ་རྣམས་དང་མ་འདྲེས་པའི་ཆ་ནས་མ་འདྲེས་པའི་རྣམ་པ་བཅོ་བརྒྱད་བཞག་པ་ཡིན་ཏེ། སྤྱོད་པའི་ཡོན་ཏན་འཕགས་པ་འོག་མ་རྣམས་དང་མ་འདྲེས་པའི་ཆ་ནས་འཁྲུལ་པ་དང་ཅ་ཅོ་དང་དྲན་པ་ཉམས་པ་དང་ཐུགས་མཉམ་པར་མ་བཞག་པ་དང། འདུ་ཤེས་ཐ་དད་པ་དང་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་དང་དྲུག་བཞག། རྟོགས་པའི་ཡོན་ཏན་འཕགས་པ་འོག་མ་རྣམས་དང་མ་འདྲེས་པའི་ཆ་ནས་འདུན་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་དང། རྣམ་པར་གྲོལ་བའི་ཡེ་ཤེས་དང་དྲུག་བཞག འཕྲིན་ལས་ཀྱི་ཡོན་ཏན་འཕགས་པ་འོག་མ་རྣམས་དང་མ་འདྲེས་པའི་ཆ་ནས་ཡེ་ཤེས་སྔོན་དུ་འགྲོ་བའི་སྐུའི་འཕྲིན་ལས་གསུང་གི་འཕྲིན་ལས་ཐུགས་ཀྱི་འཕྲིན་ལས་གསུམ་བཞག ཡེ་ཤེས་ཀྱི་ཡུལ་མཁྱེན་ཚུལ་འཕགས་པ་འོག་མ་རྣམས་དང་མ་འདྲེས་པའི་ཆ་ནས་འདས་མ་འོངས་ད་ལྟ་དུས་གསུམ་ཆགས་ཐོགས་སྤངས་པའི་ཚུལ་གྱིས་མཁྱེན་པའི་ཡེ་ཤེས་བཞག་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:མ་འདྲེས་པ་བཅོ་བརྒྱད་

|; |@@@ | | }}

མ་འདྲེས་པ་བཅོ་བརྒྱད་ (2)
Part of speech མིང་ཚིག
Definition དབུ་མ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ། སྤྱོད་པས་བསྡུས་པ་དྲུག་ནི། སྐུ་ལ་འཁྲུལ་བ་མི་མངའ་བ་དང་། གསུང་ལ་ཅ་ཅོ་མི་མངའ་བ་དང་། སེམས་ཅན་གྱི་དོན་ལ་བསྙེལ་བ་མི་མངའ་བ་དང་། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང་། འཁོར་འདས་ལ་བླང་དོར་ཐ་དད་པའི་འདུ་ཤེས་མི་མངའ་བ་དང་། སོ་སོར་མ་བརྟགས་པར་གདུལ་བྱ་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བའོ། ། རྟོགས་པས་བསྡུས་པ་དྲུག་ནི། འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ཉམས་པ་མི་མངའ་བའོ། ། ཕྲིན་ལས་གྱིས་བསྡུས་པ་གསུམ་ནི། སྒོ་གསུམ་གྱི་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། ། ཡེ་ཤེས་ཀྱིས་བསྡུས་པ་གསུམ་ནི། དུས་གསུམ་གྱི་ཤེས་བྱ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པའོ། ། ཞེས་རེད་མདའ་བའི་དབུ་འཇུག་རྣམ་བཤད་ལས་སོ། །

{{#arraymap:མ་འདྲེས་པ་བཅོ་བརྒྱད་

|; |@@@ | | }}