50287
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཉན་ཐོས་ལ་སོགས་པའི་ཆོས་དང་མ་འདྲེས་པའི་སངས་རྒྱས་ཀྱི་ཡོན་ཏན་བཅོ་བརྒྱད་དེ། སྐུ་འཁྲུལ་བ་མི་མངའ་བ། གསུང་ཅ་ཅོ་མི་མངའ་བ། ཐུགས་དྲན་པ་ཉམས་པ་མི་མངའ་བ། མཉམ་པར་མ་བཞག་པ་མི་མངའ་བ། འཁོར་འདས་ཐ་དད་པའི་འདུ་ཤེས་མི་མངའ་བ། མ་བརྟགས་པའི་བཏང་སྙོམས་སུ་འཇོག་པ་མི་མངའ་བ་སྟེ་སྤྱོད་པ་མ་འདྲེས་པ་དྲུག བརྩོན་འགྲུས་དང་། དྲན་པ། ཤེས་རབ་ཀྱི་དབང་པོ། འདུན་པ། ཏིང་འཛིན། རྣམ་པར་གྲོལ་བ་ལས་ཉམས་པ་མེད་པ་སྟེ་རྟོགས་པ་མ་འདྲེས་པ་དྲུག སྐུ་དང་། གསུང་དང་། ཐུགས་ཀྱིས་འཕྲིན་ལས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་རྗེས་སུ་འབྲང་བ་སྟེ་འཕྲིན་ལས་མ་འདྲེས་པ་གསུམ། འདས་པ་དང་། མ་འོངས་པ་དང་། ད་ལྟ་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངའ་བ་སྟེ་ཡེ་ཤེས་མ་འདྲེས་པ་གསུམ་བཅས་བསྡོམས་པས་བརྒྱད་དོ། ། |
Domain | ཆོས་ལུགས། |
{{#arraymap:མ་འདྲེས་པའི་ཡོན་ཏན་
|; |@@@ | | }}