50291

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་འོངས་པ་ (1)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། མ་འོངས་པའི་མཚན་ཉིད་མ་སླེབ་ཅིང་ཐལ་མ་ཟིན་པ། ཞེས་གསུངས།

{{#arraymap:མ་འོངས་པ་

|; |@@@ | | }}

མ་འོངས་པ་ (2)
Part of speech མིང་ཚིག
Definition ད་ལྟར་བ་དང་མ་འོངས་པ་གང་རུང་ཡང་ཡིན། མ་བྱུང་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། མ་འོངས་པའི་མཚན་ཉིད། བུམ་པ་རང་གི་རྒྱུའི་དུས་སུ་མ་བྱུང་བ་དེའི་མཚན་གཞི་ཡིན། གཞི་ལ་བཀར་ན་དེས་མཚོན། དེས་ན་འདས་མ་འོངས་ད་ལྟར་བ་འདུས་བྱས་ཐམས་ཅད་ལ་བརྩིར་རུང་ཡིན་ཏེ། དངོས་པོ་ཡིན་ན། རང་ཉིད་ཀྱི་འདས་པ་རང་ཉིད་ཀྱི་ཕྱི་ལོགས་སུ་གྲུབ་པས་ཁྱབ། དེ་ཡིན་ན། རང་ཉིད་ཀྱི་མ་འོངས་པ་རང་ཉིད་ཀྱི་སྔ་ལོགས་སུ་གྲུབ་པས་ཁྱབ། དེ་ཡིན་ན། རང་ཉིད་རང་དུས་སུ་ད་ལྟར་བ་ཡིན་པས་ཁྱབ་བོ། །

{{#arraymap:མ་འོངས་པ་

|; |@@@ | | }}

མ་འོངས་པ་ (3)
Part of speech མིང་ཚིག
Definition དུས་གསུམ་གྱི་ཡ་གྱལ་ཞིག་སྟེ། མཚན་ཉིད། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། རང་ཉིད་དུས་གང་དུ་འཇོག་པའི་དངོས་པོ་གང་གི་རང་དུས་ལ་ལྟོས་ནས་བཞག་དགོས་པའི་ལྟོས་སར་གྱུར་པའི་དངོས་པ་དེ་རང་དུས་སུ་མ་སླེབས་པ། མ་འོངས་པའི་མཚན་ཉིད། ཅེས་དང་། ལུགས་འདིའི་དུས་གསུམ་གྱི་མཚན་གཞིའི་ཁྱད་པར་ཡོད་དེ། མྱུ་གུ་ལྟ་བུ་ལ་མཚོན་ན་སྤྱིར་མྱུ་གུ་སྐྱེ་བའི་རྒྱུ་ཡོད་ཀྱང༌། དགུན་དུས་ཀྱི་ཞིང་ལྟ་བུ་རེ་ཞིག་རྐྱེན་མ་ཚང་བའི་དབང་གིས་ཡུལ་དུས་དེར་མྱུ་གུ་མ་སྐྱེས་པའི་མ་ཡིན་དགག་གི་ཆ། མྱུ་གུའི་མ་འོངས་པ་དང༌། ཞེས་གསུངས།

{{#arraymap:མ་འོངས་པ་

|; |@@@ | | }}

མ་འོངས་པ་ (4)
Part of speech མིང་ཚིག
Definition འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་པ་པར་བཞུགས།

{{#arraymap:མ་འོངས་པ་

|; |@@@ | | }}

མ་འོངས་པ་ (5)
Part of speech མིང་ཚིག
Definition རྟགས་འཇུག་སྐབས་སུ་དུས་ཀྱི་མ་འོངས་པ་དང་། བྱ་བའི་ཡུལ་དང་བྱ་ལས་བཅས་སྟོན་བྱེད་ཀྱི་བྱ་ཚིག་ལ་ཟེར།
Domain སྒྲ་རིག་པ།

{{#arraymap:མ་འོངས་པ་

|; |@@@ | | }}