50317

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཡིན་དགག་ (1)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། མ་ཡིན་དགག་གི་མཚན་ཉིད། དགག་པ་གང་ཞིག ། རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པ།
Domain ཚད་མ།

{{#arraymap:མ་ཡིན་དགག་

|; |@@@ | | }}

མ་ཡིན་དགག་ (2)
Part of speech མིང་ཚིག
Definition དགག་པ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་རྩ་ཤེས་ཊཱིཀ་ཆེན་ལས། མ་ཡིན་དགག་ནི་བློས་དགག་བྱ་བཅད་ནས་ཆོས་གཞན་འཕེན་པའམ་སྒྲུབ་པ་ཡིན་ཏེ། དཔེར་ན་སྐྱེས་བུ་གཅིག་དམངས་རིགས་སུ་སྟོན་འདོད་པ་ན་འདི་བྲམ་ཟེ་མ་ཡིན་ཞེས་པ་ནི་བྲམ་ཟེ་བཀག་པ་ཙམ་མིན་གྱི་བྲམ་ཟེ་ལས་གཞན་པ་དེ་ལས་ཐོས་པ་ལ་སོགས་པས་དམན་པའི་དམངས་རིགས་ཡིན་པར་སྒྲུབ་པ་ལྟ་བུ་སྟེ། རྟོག་གེ་འབར་བ་ལས། མ་ཡིན་པར་དགག་པ་ནི་དགོས་པོའི་ངོ་བོ་ཉིད་དགག་པས་དེ་དང་འདྲ་བ་དེ་ལས་གཞན་པའི་དངོས་པོའི་ངོ་བོ་ཉིད་སྒྲུབ་པར་བྱེད་པ་སྟེ། དཔེར་ན་འདི་བྲམ་ཟེ་མ་ཡིན་ནོ་ཞེས་དགག་པས་བྲམ་ཟེ་འདྲ་བ་དེ་ལས་གཞན་པ་བྲམ་ཟེ་མ་ཡིན་པ་དཀའ་ཐུབ་དང་ཐོས་པ་ལ་སོགས་པས་དམན་པའི་དམངས་རིགས་ཡིན་པར་སྒྲུབ་པ་ལྟ་བུའོ་ཞེས་གསུངས་པ་ལྟར་རོ། །ཞེས་གསུངས། མཚན་ཉིད། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། རང་ཉིད་ངེས་པའི་བློས་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་འཕངས་བྱར་གྱུར་པའི་ཆོས་གཞན་འཕེན་པའམ་སྒྲུབ་པའི་དགག་པ། མ་ཡིན་དགག་གི་མཚན་ཉིད། དེ་ལ་དབྱེ་ན། ཆོས་གཞན་དངོས་སུ་འཕེན་པ། ཤུགས་ལ་འཕེན་པ། དངོས་ཤུགས་གཉིས་ཀ་ལ་འཕེན་པ། སྐབས་སྟོབས་ཀྱིས་འཕེན་པའི་མ་ཡིན་དགག་དང་བཞི། ཞེས་གསུངས།

{{#arraymap:མ་ཡིན་དགག་

|; |@@@ | | }}