50364
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་གསེས། བདག་ཏུ་རྨོངས་པའི་མ་རིག་པ་ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པའི་ཀུན་རྟོག་སྲིད་པའི་རྩ་བར་གྱུར་པའི་མ་རིག་པ་སྟེ། རིག་པའི་མི་མཐུན་ཕྱོགས་སུ་གྱུར་པ། རིག་པ་ལས་གཞན་པ་གང་ཡིན་པ་མ་རིག་པ་སྟེ། དཔེར་ན་མཛའ་བ་ལས་ཟློག་པ་མི་མཛའ་བ་ཡིན་པ་དང་། བདེན་པ་ལས་ཟློག་པ་རྫུན་ཡིན་པ་སོགས་བཞིན་ཏེ། མདོ་ལས། མ་རིག་པ་ནི་ཀུན་ཏུ་སྦྱོར་བ་དང་། སོགས་པ་འཆིང་བ་དང་། ཕྲ་རྒྱས་དང་། ཆུ་བོ་དང་སྦྱོར་བ་ཞེས་གསུངས་པའི་ཕྱིར་རོ་ཞེས་དང་། མངོན་པ་མཛོད་ལས། མ་རིག་ཉོན་མོངས་སྔོན་གནས་སྐབས། །ཞེས་པ་ལྟར། མ་རིག་པ་ཉོན་མོངས་སྔོན་གནས་སྐབས་ཏེ། ཚེ་སྔ་མ་ལ་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་དེ་ནི་འདི་ལ་མ་རིག་པ་ཞེས་བྱ་སྟེ། ལྷན་ཅིག་སྤྱོད་པའི་ཕྱིར་དང་དེའི་དབང་གིས་དེ་དག་ཀུན་ཏུ་འབྱུང་བའི་ཕྱིར། རྒྱལ་པོ་གཤེགས་སོ་ཞེས་བྱས་ན་ཞབས་འབྲིང་པའང་འོང་བར་གྲུབ་པ་བཞིན་ནོ། ། |
| Domain | ཆོས་ལུགས། |