50367

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་རིག་པའི་རྟེན་འབྲེལ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་རང་འབྲས་ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བྱེད་ཀྱི་མི་ཤེས་པ་དེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པའི་མཚན་ཉིད། དེ་དང་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་དང་། འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་རྣམས་དོན་གཅིག ཡང་པཎ་ཆེན་སྤྱི་དོན་ལས། གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་གང་ཟག་གི་བདག་འཛིན་གྱིས་བསྡུས་པའི་སེམས་བྱུང་རྨོངས་པ་དེ། དེའི་མཚན་ཉིད་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།