50400
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། བདག་དོན་ལྷུན་གྱིས་གྲུབ་པའི་གྲུབ་པ་རྟགས་ཀྱི་ཕྱག་རྒྱའི་ཁོངས་གཏོགས་ཏེ། འདིའི་དོན་ནི་ཐེག་པའི་བྱེ་བྲག་དགུ་པོ་མ་འདྲེས་པར་གཟིགས་ཤིང་གཟིགས་སྣང་མཐོ་དམན་ཐམས་ཅད་ཡུལ་མེད་དུ་ཆུ་དང་གཟའ་སྐར་ལྟར་གསལ་བས་ཀུན་ནས་མ་རྨོངས་པའི་བརྡར་ཤར་བ་སྤྱན་དུ་གྲུབ་པ་སྟེ། ལྷ་རྒྱུད་ལས། སྤྱན་དགུས་ས་གསུམ་སྐུ་གསུམ་ཡེ་ཤེས་གསུམ། །ཞེས་གསུངས་པ་དང་། དེའང་གཡས་གསུམ་ས། དབུས་གསུམ་སྐུ། གཡོན་གསུམ་ཡེ་ཤེས་སོ། ། |
| Domain | ཆོས་ལུགས། |