50410

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ལ་ཡ་ (1)
Part of speech མིང་ཚིག
Definition དྲི་ལྡན་ཞེས་པའི་དོན་ཡིན་ལ། སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་དེའི་ནུབ་ཕྱོགས་ཀྱི་རི་བོ་སྨན་སྣས་ཁེངས་པ་ཞིག་ཡིན། རྩ་རྒྱུད་ལས། དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་དེའི་ནུབ་ཕྱོགས་ན་རི་བོ་མ་ལ་ཡ་ཞེས་བྱ་བ་ལ་བཟང་པོ་དྲུག་གི་སྨན་འཁྲུངས་པ་སྟེ། ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་ཅོང་ཞི་རིགས་ལྔ་དང་། བྲག་ཞུན་རིགས་ལྔ་དང་། སྨན་ཆུ་རིགས་ལྔ་དང་། ཆུ་ཚན་རིགས་ལྔ་དང་ལྡན་པའི་རི་བོ་ཡོད་དོ། །ས་ཕྱོགས་ཐམས་ཅད་ཀྱང་གུར་ཀུམ་གྱི་སྤང་རི་དང་སྤོས་ཀྱི་ངད་ལྡང་བ། བྲག་ཐམས་ཅད་ལ་རྡོའི་སྨན་དང་ཚྭ་སྣའི་རིགས་ཚང་བར་ཡོད་པ། སྨན་གྱི་ནགས་ཚལ་གྱི་རྩེ་ན་རྨ་བྱ་དང་ཤང་ཤང་དང་ནེ་ཙོ་ལ་སོགས་པ་བྱ་སྐད་སྙན་པར་སྒྲོག་པ། རྩ་བ་ན་གླང་པོ་ཆེ་དང་དོམ་དང་གླ་བ་ལ་སོགས་པ་སྨན་བཟང་པོ་ཡོད་པའི་སེམས་ཅན་ཚང་བར་གནས་པ། སྨན་གྱི་རིགས་སུ་གྱུར་པ་ལ་མ་འཁྲུངས་པའམ་མ་ཚང་བ་མེད་པའི་རྒྱན་གྱིས་སྤྲས་པའོ། །ཞེས་གསུངས།
Foreign རྒྱ་གར།
མ་ལ་ཡ་ (2)
Part of speech མིང་ཚིག
Definition རྒྱ་གར་ལྷོ་ཕྱོགས་ཀྱི་མི་རིགས་ཏ་མིལ་གྱི་སྐད་ལ་རི་སྤྱི་ལ་གོ །
མ་ལ་ཡ་ (3)
Part of speech མིང་ཚིག
Definition སྙན་ངག་ལ་གྲགས་ཆེ་བའི་མ་ལ་ཡའི་རླུང་ཞེས་པའི་རླུང་བསིལ་མོ་དྲི་མ་ཞིམ་པོ་ཅན་དེ་ཡོང་སའི་རི་སྟེ། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སྨན་གྱི་རི་ཁྱད་དུ་འཕགས་པ་ཞིག་ལ་ངོས་འཛིན་བྱེད།
མ་ལ་ཡ་ (4)
Part of speech མིང་ཚིག
Definition སྟོན་པ་བདེ་བར་གཤེགས་པ་མྱ་ངན་ལས་འདས་པའི་ལོ་བརྒྱད་དང་བཅུ་ཕྲག་གཉིས་ཏེ། མི་ལོ་ཉི་ཤུ་རྩ་བརྒྱད་ཀྱི་རྗེས་སུ་ཐུགས་ཀྱི་སྤྲུལ་པ་གསང་བདག་ཕྱག་ན་རྡོ་རྗེས་དམ་པའི་རིགས་ཅན་དྲ་མ་ལྔ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་གསུངས་པའི་གནས་མཆོག་ཅིག་སྟེ། ཡིད་ཀྱི་མུན་སེལ་ལས། ཐུབ་པ་སྤྲུལ་པའི་སྐུ་མྱ་ངན་ལས་འདས་ནས་ལོ་བརྒྱད་དང་བཅུ་གཉིས་སོང་བ་དེའི་ཚེ་བློ་གྲོས་དད་གྲོལ་ལ་སོགས་པ་དམ་པའི་རིགས་ཅན་ལྔ་ནང་དུ་ཡང་དག་པར་འཇོག་པ་ལས་ལངས་ནས། རི་མ་ལ་ཡའི་རྩེ་མོར་ལྷགས་སོ། །དེ་རྡོ་རྗེ་གདན་ནས་ཤར་ལྷོའི་མཚམས་ཟ་ཧོར་གྱི་ཡུལ་ན་རི་དེ་ཡོད་དེ། ཙནྡན་ལ་སོགས་པའི་ནགས་འཁྲིགས་ཤིང་སྨན་དང་མེ་ཏོག་གི་ཚོགས་རྒྱས་པ། སེངྒེ་དང་། སྟག་དང་། ལྕེ་སྤྱང་ལ་སོགས་པ་རྒྱུ་ཞིང་། མཁའ་འགྲོ་དང་གྲུབ་པ་དུ་མས་བསྙེན་པ། དུས་དུས་སུ་ལྷའི་མེ་ཏོག་དང་ཙནྡན་སྣ་ཚོགས་ཀྱི་ཕྱེ་མའི་ཆར་འབབ་པ། ཤར་ཕྱོགས་ན་ཨ་སུ་ར་གསང་བའི་བྲག་ཕུག་ཡོད་པ། དེའང་སྒོ་ཟླ་གམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་བ། རིན་པོ་ཆེ་དང་། ཉི་ཟླའི་གཟུགས་བརྙན་འཕྱང་བ། ལྷའི་བྱ་ཀ་ལན་ཏ་ཀ་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་སྒྲོགས་པ། རིག་འཛིན་མཆོག་དང་། འཕགས་པ་ལས་གཞན་གྱིས་མི་བགྲོད་པ་ཞིག་གོ ། ཞེས་གསུངས། རི་བོ་འདིའི་མིང་གི་རྣམ་གྲངས་ལ། རི་བོ་མ་ལ་ཡ་དང་། རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོ་ཞེས་ཀྱང་གྲགས།