50468
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པའི་གང་ཟག་རྣམས་ཀྱིས་མ་སྤངས་ཀྱང་མངོན་དུ་མི་འབྱུང་བའི་སྒོམ་སྤང་རྣམས་ཏེ། སྒོམ་སྤང་གི་ཉོན་མོངས་པ་ཀུན་ནས་དཀྲིས་པ་གང་གི་ཆེད་དུ་བསམས་ཏེ། གསོད་པ་སོགས་ནས་རྫུན་དུ་སྨྲ་བར་བྱེད་པའི་བར་དུ་སྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པའི་ཕྱིར་སྒོམ་པས་སྤང་བྱ་དང་། དེ་བཞིན་སྐྱེ་བའི་སྲེད་པ་དང་། འཇིག་པའི་སྲེད་པ་དང་། འགྱོད་པ་མི་དགེ་བ་དང་། སྒོམ་སྤང་གྱུར་པའི་ང་རྒྱལ་རྣམས་ཏེ། འདི་དག་སྒོམ་སྤང་ཡིན་ལ་འཕགས་པ་རྣམས་ཀྱི་རྒྱུད་ལ་མངོན་དུ་མི་འགྱུར་ཏེ། གསོད་པ་ལ་སོགས་ཀུན་བཀྲིས་པ་ནི་ལོག་པར་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །སྐྱེ་བའི་སྲེད་པའི་ཕྱོགས་ནི་རྟག་པར་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །འཇིག་པའི་སྲེད་པ་ནི་ཆད་པར་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །འགྱོད་པ་མི་དགེ་བ་ནི་ཐེ་ཚོམ་གྱིས་ཀུན་ནས་བསླང་བ་ཡིན་པའི་ཕྱིར་རོ། །ང་རྒྱལ་རྣམས་ནི་འཇིག་ཚོགས་ལ་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། ། |
| Domain | ཆོས་ལུགས། |