50474
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་གཉིས་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སངས་རྒྱས་འཁོར་བར་ལྟུང་མི་སྲིད། དོན་མཛད་དགོངས་ནས་སྐྱེ་བ་བཞེས། མ་སྲིད་སྲིད་པའི་ཕྱག་རྒྱ་ཡིན། ཞེས་གསུངས་པས། དེ་ཡང་སྤངས་རྟོགས་མཐར་ཕྱིན་གྱི་རྫོགས་པའི་སངས་རྒྱས་དེ་ཉིད་སླར་འཁོར་བར་དབང་མེད་དུ་འཁོར་མི་སྲིད་ཀྱང་། འགྲོ་བའི་སྡུག་བསྔལ་ལ་བརྩེ་བའི་ཐུགས་རྗེས་བསམ་བཞིན་དུ་དེ་དག་གི་དོན་མཛད་པར་གང་འདུལ་རིགས་མཐུན་དུ་སྐྱེ་བ་བཞེས་པར་མཛད་པའི་དོན་ནོ། ། |
| Domain | ཆོས་ལུགས། |