5049

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོན་བུ་ (1)
Part of speech མིང་ཚིག
Definition ཁྲོན་པ་ཆུང་ཆུང་གི་མིང་།
ཁྲོན་བུ་ (2)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་རྡོག་གཅིག་ལ་ཕུག་གི་དབྱིབས་ཅན་ཕྱི་པགས་སེར་ནག་ནང་སྐྱ་ལ་ཅུང་སོབ་པར་འོ་མ་འཛག་པ་དང་། སྡོང་པོ་སྨུག་ཅིང་ཕྲ་བ་རིང་ཐུང་མཐོ་གང་ཙམ་པ་སྐྱེ་དབྱིབས་ཐར་ནུ་འདྲ་ཞིང་མང་ཆེ་བ་ཕྲེད་དུ་ཉལ་ནས་སྐྱེ་བ། ལོ་མ་སྔོ་ལྗང་འཇམ་ལ་བྱེའུའི་ལྕེ་དབྱིབས་ཀྱི་མཐའ་མཉམ་ལ་ངར་པ་ཐུང་བ་རེ་མོས་སུ་སྐྱེ་བ། མེ་ཏོག་སེར་པོ་ཆུང་བ་འདབ་མ་ལྔ་ལྡན་སྡོང་པོའི་རྩེར་གདུགས་ཁ་དབྲག་མེ་ཏོག་འཆར་བ། འབྲས་བུ་ཆུང་ལ་རིལ་བ་འདོགས་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་ལྡེབས་གྲམ་ཁྲོད་དང་སྤང་ལྗོངས་སུ་སྐྱེ་བ་མང་། རྩ་བ་བོད་ཟླ་བརྒྱད་པའི་ནང་རྨ་མ་བཟོས་པར་བཏུས་ཏེ་གཙང་མ་བཀྲུས་རྗེས་ཕྱི་པགས་བཤུས་ཏེ་བ་གཅིན་ནང་དུ་ར་ཤ་ཅུང་ཟད་བཏབ་ལ་བཙོས་ནས་ར་ཤ་དོར་ལ་རབ་བྱུང་ན་ཁཌྞ་བཟོས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་འཇམ་ལ་ལྕི་བས་དུག་ཚད་དང་སྣོད་ཚད། བད་ཀན་ལ་སོགས་ཚ་གྲང་ནད་ཀུན་སྦྱོང་། ཁྱད་པར་མཁྲིས་ནད་སྦྱོང་བ་ལ་མཆོག་ཏུ་གྱུར་པའོ། །
Domain གསོ་རིག