50557

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཧཱ་ཡོ་གའི་རྒྱུད་སྡེ་ (1)
Part of speech མིང་ཚིག
Definition མ་ཧཱ་ཡོ་གའི་ཐེག་པ་སྟེ། གསང་སྔགས་རྙིང་མའི་ཐེག་པ་རིམ་པ་དགུའི་ཡ་གྱལ་ཞིག ཆེན་པོའི་རྣལ་འབྱོར་གྱི་ཐེག་པ་ཞེས་བྱ་སྟེ། འཇུག་སྒོ་ཕྱེ་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་སྟེ་དབང་མཆོག་བཅོ་བརྒྱད་ཀྱིས་རྒྱུད་སྨིན་པར་བྱས་ནས། ལྟ་བ་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ཀུན་རྫོབ་གདན་གསུམ་ལྷའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་ཅིང་རང་བཞིན་དབྱེར་མེད་པ་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་མཉམ་པ་ཆེན་པོར་གཏན་ལ་ཕབ་ནས། བསྒོམ་པ་བསྐྱེད་རིམ་གཙོ་བོར་སྟོན་ལ། དེའང་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ། ངོ་བོ་དག་རྫོགས་སྨོན་གསུམ་ཚང་བ། སྲོག་སྡོམ་གཟེར་བཞིས་རྒྱས་བཏབ་སྟེ་སྒོམ་པ་དང་རྫོགས་རིམ་རླུང་དང་ཐིག་ལེ་འོད་གསལ་རྣམས་བསྒོམས་ལ། སྤྱོད་པ་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་གསུམ་གྱི་ཉེ་རྒྱུ་ལ་བརྟེན་ནས། འབྲས་བུ་རིག་འཛིན་རྣམ་བཞིའི་བསྡུས་པའི་ལམ་ལྔ་མཐར་ཕྱིན་ཏེ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་དོ། །
Domain ཆོས་ལུགས།