50623
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དྲུག་པའི་ས་ཕྱི་ལོ་ ༡༣༣༨ ལོར་ཆུ་སྒོའི་ཁུང་བྱ་བར་གྲོའི་རིགས་སུ་འཁྲུངས། མཆིམས་བློ་བཟང་གྲགས་པ་ལས་བཀའ་གདམས་ཀྱི་གདམ་པ་ལ་མུས་མནོས། དཀའ་བཅུ་པ་གཞོན་ནུ་སེར་གེ་ལས་ཀྱང་གདམ་པ་མང་དུ་གསན། རབ་བྱུང་དྲུག་པའི་ཤིང་ཡོས་ཕྱི་ལོ་ ༡༣༧༥ ལོར་སྣར་ཐང་གི་གདན་སར་ཕེབས། གདན་ས་ལོ་ངོ་ཉེར་བདུན་རིང་བསྐྱངས། རྗེ་བཙུན་བློ་བཟང་གྲགས་པས་ཀྱང་ཞབས་ལ་གཏུགས། དཀར་ཕུགས་ལ་སོ་ནམ་མཛད་ནས་ནང་དུ་གནས་བརྟན་ལྷ་ཁང་དང་། མཁན་ཆེན་བློ་བཟང་གྲགས་པའི་ཕྱིའི་རྟེན་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ཆེན་པོ་དང་། ཕྱིའི་ལྕགས་རི་ཆེན་མོ་བཞེངས། རེ་བཞི་པ་རབ་བྱུང་བདུན་པའི་ལྕགས་འབྲུག་ཕྱི་ལོ་ ༡༤༠༡ ལོར་སྐུ་གཤེགས། གསུང་རྩོམ་ནིབསླབ་བཏུས་ཀྱི་འགྲེལ་པ་སོགས་ཡོད། དཔལ་སྣར་ཐང་དགོན་པའི་གདན་རབས་བཅུ་གསུམ་པ་ཡིན། |