50625
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དྲུག་པའི་མེ་སྦྲུལ་ཕྱི་ལོ་ ༡༣༧༧ ལོར་གན་རྩར་འཁྲུངས། གདུང་རུས་ནི་གྲོ་ལ་མཚོ་བཞི་ཡོད་པའི་འབྲོག་མཚོ་ཡིན། གཞོན་དུས་ནས་རབ་ཏུ་བྱུང་། མཁན་ཆེན་གྲུབ་པ་ཤེས་རབ་ལས་བཀའ་གདམས་ཀྱི་ཆོས་སྐོར་མ་ལུས་པ་མནོས། རབ་བྱུང་བདུན་པའི་ས་རྟ་ཕྱི་ལོ་ ༡༤༥༢ ལོར་གདན་ཁྲིར་བྱོན། འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་གདན་ས་ལོ་ངོ་སུམ་ཅུའི་རིང་བསྐྱངས། གནས་བརྟན་ཆེན་པོ་ཞིག་གི་སྤྲུལ་པར་གྲགས། རབ་བྱུང་བརྒྱད་པའི་མེ་ཕག་ཕྱི་ལོ་ ༡༤༦༧ ལོར་སྐུ་གཤེགས། སློབ་མ་མ་དུ་བྱོན། དཔལ་སྣར་ཐང་དགོན་པའི་གདན་རབས་བཅུ་དྲུག་པ་ཡིན། |